བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཇེ་ཆེར་གཏོང་དགོས།

རྒྱ་གར་གཞུང་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ནུས་ཤུགས་ཇེ་ཆེར་གཏོང་དགོས་བ་འདུག་ཞེས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པས་རྡ་རམ་ས་ལར་གསུངས་ཡོད་འདུག

2012.09.18

དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་། བྷི་ཇེ་པིའི་ཚོགས་པའི་གནད་ཡོད་དཔོན་རིགས་སྐུ་ཞབས་Yashwant Sinha མཆོག་ནི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཀྱི་ཡོད་པ་དང་། ཁོང་འདི་ཚེས་༡༥ནས་བཟུང་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲི་གཟིགས་བསྐོར་གནང་ཡོད་འདུག་ལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་སུའང་ཟུར་ཉན་དུ་ཕེབས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བཀའ་བློན་རྣམས་དང་། གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད། ཁ་ས་ཁོང་ནས་གསར་འགོད་ལྷན་ཚོགས་བསྐོངས་ཚོགས་གནང་བའི་སྐབས་གསུངས་དོན། ང་དང་འདྲ་བའི་རྒྱ་གར་ནང་མི་མང་པོ་ཞིག་གིས་དེ་སྔ་ཕྱི་ལོ་ ༡༩༥༠ བཅུའི་ནང་རྒྱ་ནག་ནས་བོད་བཙན་འཛུལ་བྱེད་འགོ་བཙུགས་པའི་སྐབས་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་མེད་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཤོར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་བོད་དང་རྒྱ་གར་གཉིས་ནི་ལོ་ངོ་མང་པོའི་རིང་ནས་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་འདུག ཡང་ཁོང་གིས། བོད་ནང་ཕྱི་ལོ་ལྔ་བཅུའི་ནང་ནས་བཟུང་བཙན་འཛུལ་དང་དེ་ནས་རིམ་བཞིན་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོས་ནས་བོད་མི་ཚོའི་ཐོག་སྡུག་སྦྱོང་བཏང་དང་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་བོད་མི་ཚོའི་ངོས་ནས་སྡུག་སྦྱོང་བཟོད་མེད་ཀྱི་ངོ་རྒོལ་མཚོན་ཆེད་མི་གཞན་ལ་གནོན་འཚེ་མི་བྱེད་པར་རང་ལུས་མེར་སྲེགས་བཏང་བ་སོགས་ཀྱི་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་པ་དེར་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་མིའི་དཀའ་ངལ་ལ་དམིགས་བསལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཆེད་ད་རེས་བཞུགས་སྒར་ཁུལ་དངོས་སུ་འཚམས་འདྲིར་བཅར་བ་ཡིན་ཞེས་གསུངས་ནས་གང་ལྟར་མ་འོངས་པར་བོད་ཀྱི་གནད་དོན་རྒྱ་གར་གྱི་གྲོས་ཚོགས་ནང་དུའང་གླེང་སློང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཐབས་ཀྱི་ལས་འགུལ་གསར་པ་སྤེལ་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་ཡང་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎