༸གོང་ས་མཆོག་གི་ཨརུ་ན་ཅལ་ཆིབས་བསྒྱུར་ལ་འགྱུར་བ་མེད་པ།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་རྒྱ་ནག་ཐེ་བྱུས་མེད་ལུཊ་གསུངས་ཡོད་པ།

2009.09.24

༄༅༎ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་།ཆིབས་བསྒྱུར་གནང་རྒྱུའི་གནས་ཚུལ་ཐོན་པའི་སྐབས་རྒྱ་ནག་གཞུང་ནས་སྐྱོན་བརྗོད་བྱས་ཡོད་པ་རེད། འོན་ཀྱང་སྐབས་དེར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་འདིའི་སྐོར་རྒྱ་གར་གྱི་སི་ཨན་ཨན་ཨ་ཡེ་བྷི་ཨན་བརྙན་འཕྲིན་ལས་ཁང་ལ་འདི་ལྟར་གསུངས་ཡོད་རེད།ཨ་རུ་ན་ཅལ་མངའ་སྡེ་འདི་བཞིན་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པ་དང་།༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཆབ་སྲིད་ཀྱི་དགོངས་ཚུལ་འདྲ་མིན་མ་གསུངས་པ་ཡིན་ན།རྒྱ་གར་གྱི་ས་གནས་གང་དུ་ཕེབས་ཀྱང་དགག་ཆ་མེད་ཅེས་གསུངས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་སུ་ཁ་ས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུའི་གནད་དོན་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པའི་སྐབས་སྤྱི་ཁྱབ་བློན་ཆེན་མཆོག་གིས།༧གོང་ས་ཏཱ་ལའི་བླ་མ་མཆོག་ང་ཚོའི་མངའ་སྡེའི་ནང་གདན་འདྲེན་ཞུས་པ་ལྟར་ཆིབས་བསྒྱུར་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ་མཛད་འཆར་ལམ་ལྷོང་ལྡན་པ་ཞིག་ཡོང་རྒྱུར་ང་ཚོས་གོ་སྒྲིག་འཐུས་ཚང་ཞུ་གི་རེད།

དེ་འདྲ་ཡིན་དུས་རྒྱ་ནག་གཞུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱང་རྒྱུར་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་གང་ཡང་ཡོད་མ་རེད་ཅེས་གསུངས་ཡོད་འདུག་དེའི་གོང་ཁོང་ལ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་།ལྷག་པར་དུ་ཉེ་ཆར་ནས་བཟུང་ཨ་རུ་ན་ཅལ་མངའ་ཁུལ་གྱི་ས་མཚམས་ནས།རྒྱ་མིའི་དམག་མིས་སིམ་འཛུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐད།རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་ཞིག་གི་བཀའ་འདྲི་ཞུས་པའི་སྐབས་སུའང་།དེ་སྔ་རྒྱ་གར་དང་བོད་དབར་ས་མཚམས་ཡོད་པ་ལས་ཨ་རུ་ན་ཅལ་དང་རྒྱ་ནག་དབར་ས་མཚམས་གང་ཡང་ཡོད་མ་རེད་ཅེས་བཀའ་ལན་གནང་ཡོད་པ་རེད།

མཛད་འཆར་གཞིར་བཟུང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ནང་།ཕྱི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་ཙམ་ལ་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎