རྒྱ་གར་གཟའ་སྐར་མིག་དམར་ཐོག་བསྐྱོད་རྒྱུ་ཡིན་འདུག།

རྒྱ་གར་གྱིས་གཟའ་སྐར་མིག་དམར་ཐོག་རྟོགས་ཞིབ་བྱེད་མཁན་གྱི་འཕྲུལ་འཁོར་ཞིག་གཏོང་གནང་རྒྱུའི་འཆར་གཞི་ཡོད་པ་སྲིད་བློན་གྱིས་རང་བཙན་དུས་ཆེན་ཉིན་གསུངས་འདུག།

2012.08.15

ལས་འཆར་དེ་ནི་རྒྱ་གར་རྒྱལ་ཁབ་ཀྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ལྡན་པའི་ལས་འཆར་ཞིག་ཡིན་པ་དང༌། ལོ་གསུམ་གོང་རྒྱ་གར་གྱིས་ཟླ་བའི་ནང་འཕྲུལ་འཁོར་ཞིག་བཏང་གནང་ཡོད་པ་དང༌། ༢༠༡༦ལོར་མིས་ཁ་ལོ་བསྒྱུར་བའི་འཕུར་འཁོར་ཞིག་ཟླ་བའི་ནང་ཐེངས་དང་པོ་གཏོང་གནང་རྒྱུའི་འཆར་གཞི་ཡང་ཡོད་པ་རེད།

སྲིད་བློན་ སིངྒ་མཆོག་གིས་ རྒྱ་གར་རང་བཙན་ཉིན་མོའི་གསུང་བཤད་གནང་སྐབས་གསུང་དོན། ང་ཚོའི་མཁའ་དབྱིངས་འཕུར་འཁོར་གྱིས་གཟའ་སྐར་མིག་དམར་ཉེ་འཁྲིས་སུ་ཕྱིན་ནས་ཚན་རིག་ལ་མཁོ་བའི་ཞིབ་འཇུག་བྱ་རྒྱུ་ཡིན་། ལས་འཆར་དེ་ནི་ཚན་རིག་དང་འཕྲུལ་རིག་གྱི་གཞི་ཡུལ་ནང་གོམ་སྟབས་ཆེན་པོ་སྤོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག།

རྒྱ་གར་མཁའ་དབྱིངས་ཞིབ་འཇུག་སྒྲིག་འཛུགས་ཀྱིས་ལོ་རྗེས་མའི་ཕྱི་ཟླ་༡༡པའི་ནང་མི་མེད་པའི་འཕུར་འཁོར་དེ་བཞིན་རྒྱུ་སྐར་མིག་དམར་ཐོག་གཏོང་གནང་རྩིས་ཡོད་པའི་གནས་ཚུལ་དེ་ཟླ་བ་འདིའི་ཚེས་ཤར་ནང་PTI གསར་ལས་ཁང་གིས་སྤེལ་གནང་ཡོད་པ་རེད།  གོང་ཞུས་སྒྲིག་འཛུགས་ཁང་དེའི་དཔོན་རིགས་ཤིག་གིས་གསུང་ན། རྒྱུ་སྐར་མིག་དམར་ཐོག་ཞིབ་འཇུག་གནང་རྒྱུའི་ལས་འཆར་དེར་འགྲོ་གྲོན་ཨ་སྒོར་ས་ཡ་༧༠ནས་༩༠བར་གནས་རྒྱུ་ཡིན་པ་རེད།

ཨ་མི་རི་ཀ་དང༌། ཨུ་རུ་སུ། ཡུ་རོཔ། ཉི་ཧོང༌། རྒྱ་ནག་བཅས་ནས་རྒྱུ་སྐར་མིག་དམར་ཐོག་ཞིབ་འཇུག་གི་འཕུར་འཁོར་བཏང་ཟིན་པ་ལྟར། བདུན་སྔོན་མ་

ཨ་མི་རི་ཀས་རྒྱུ་སྐར་མིག་དམར་རམ། མིང་གཞན་ལ་གཟའ་སྐར་དམར་པོ་ཞེས་འབོད་སྲོལ་ཡོད་པ་དེའི་ཐོག་ཞིབ་འཇུག་འཕུར་འཁོར་Curiosity ཞེས་པ་གློད་གཏོང་གནང་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎