རྒྱ་གར་གྱི་གཞུང་ཚབ་ཆེན་མོ་བོད་ནང་ཕེབས་འདུག

རྒྱ་ནག་གི་རྒྱལ་ས་བེ་ཅིང་ལ་བཅའ་བཞུཌ་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་མི་ལོ་བཅུའི་རྗེས་བོད་ནང་གཟིཌ་སྐོར་དུ་ཕེབས་འདུག

2012.07.02

རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་བཅའ་བཞུཌ་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་བོད་ནང་ལོ་བཅུའི་རྗེས་སུ་ད་རེས་གཟིཌ་སྐོར་ཐེངས་དང་པོར་ཕེབས་འདུག་  རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་བཅའ་བཞུཌ་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་S. Jaishankar མཆོག་བོད་ཀྱི་གནས་ཆེན་གངས་དཀར་ཏི་སི་དང་མ་ཕམ་གཡུ་མཚོ་གཉིས་ལ་གནས་གཟིཌ་གནང་བཞིན་ཡོད་པ་དང་གནས་ཆེན་འདི་གཉིས་ནི་རྒྱ་གར་བ་ཚོ་གནས་སྐོར་ཡང་སེ་ཡོང་ས་ཞིག་ཡིན་པ་དང་ད་རེས་ཁོང་བོད་ནང་ཕེབས་པ་དེ་ནི་བོད་ནང་གི་བོད་མང་པོས་རང་ལུས་མེར་སྲེག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གནང་བཞིན་པའི་སྐབས་སུ་འཁེལ་ཡོད་པ་རེད་ ཕྱི་ལོ་༢༠༠༢་ལོར་རྒྱ་ནག་ནང་བཅའ་བཞུཌ་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་དང་ད་ལྟའི་རྒྱ་གར་རྒྱལ་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་སྲིད་བློན་མཆོག་ལ་སློབ་སྟོན་འབུལ་མཁན་Shivshankar Menon མཆོག་སྟོད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ལ་གནས་གཟིཌ་སུ་ཕེབས་མྱོང་ཡོད་སྟབས་ ལོ་བཅུ་ཡི་རྗེས་སུ་གནས་ཆེན་གཉིས་ལ་གནས་གཟིཌ་ཕེབས་མཁན་རྒྱ་གར་གྱི་དཔོན་རིགས་མཐོ་ཤོས་དེ་S. Jaishankar ཆཌ་ཡོད་པ་རེད་  རྒྱ་ནག་གཞུང་གིས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་རྒྱ་གར་གྱི་གནས་སྐོར་བ་ཚོའི་ཆེད་དུ་ཡར་རྒྱས་གཏོང་འཆར་ཡོད་སྟབས་ རྒྱ་གར་གྱི་གཞུང་ཚབ་མཆོག་ཁུལ་དེར་དངོས་སུ་རྟོག་ཞིབ་ཆེད་ཕེབས་གནང་ཡོང་བའི་མགྲོན་འབོད་ཞུས་པ་ཞིག་ཡིན་འདུག་ ཁ་ས་ཁོང་གིས་མཚོ་མ་ཕམ་གཡུ་མཚོ་ནས་ཞལ་པར་བརྒྱུད་ནས་The Times of India ཞེས་པའི་རྒྱ་གར་གྱི་ཉིན་རེའི་ཚཌ་པར་ལ་གསུང་དོན་གངས་དཀར་ཏི་སི་དང་མ་ཕམ་གཡུ་མཚོའི་ཁུལ་གྱི་འབྲེལ་ཡོད་རྒྱ་མིའི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་སྐབས་ཁོང་ཚོས་རྒྱ་གར་གྱི་གནས་སྐོར་བ་ཚོའི་ཆེད་དུ་ད་དུང་ཡང་འགྲུལ་བཞུད་དང་སྡོད་གནས་ ཁ་ལག་སོཌ་ཀྱི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུའི་བཟང་ཕྱོཌ་ཀྱི་རྣམ་འགྱུར་སྟོན་གྱི་འདུག་ཅེས་གསུངས་འདུག་  ཡང་ཁོང་གིས་རྒྱ་གར་གྱི་གནས་སྐོར་བ་ཚོ་བལ་ཡུལ་བརྒྱུད་ནས་བོད་ནང་ཡོང་སའི་བལ་བོད་གཉིས་ཀྱི་ས་མཚམས་ལ་ད་རིང་ཕྱི་ཚེས་༢ཉིན་གཟིཌ་སྐོར་གནང་འཆར་ཡོད་འདུག་ལ་ གནས་ཆེན་འདི་གཉིས་ཙམ་མ་ཟད་བོད་ནང་གི་ས་ཁུལ་གཞན་སྤྱི་དང་ལྷག་དོན་དུ་ཉེ་དུས་བོད་མི་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ས་དང་བོད་ཀྱི་དབུ་འཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སྒྲོཌ་ས་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ལ་གཟིཌ་སྐོར་གནང་འཆར་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎