རྩོམ་རིག་དུས་ཆེན་ལ་སྔར་དང་མ་འདྲ་བའི་བྱིན་རླབས།
2013.01.28
༧གོང་ས་མཆོག་གིས་རྒྱ་གར་བྱང་ཕྱོཌ་གྲོང་ཁྱེར་ཇེ་པུར་ནང་གི་རྩོམ་བྲིས་སྒྱུ་རྩལ་དུས་ཆེན་དབུ་འབྱེད་གནང་བར་དུས་ཆེན་དེ་སྔར་དང་མ་འདྲ་བའི་བྱིན་རླབས་བྱུང་སྐོར་The Economic Times ཞེས་པས་གནས་ཚུལ་སྤེལ་ཡོད་པ་དང་། ༧གོང་ས་མཆོག་རྩོམ་བྲིས་སྒྱུ་རྩལ་དུས་ཆེན་གྱི་ཉིན་དང་པོར་ཆིབས་བསྒྱུར་གྱིས་Diggi ཕོ་བྲང་ཞེས་པའི་ནང་མི་མང་༤༠༠༠་ལྷག་འདུ་འཛོམས་བྱུང་བའི་མཛད་སྒོའི་ཐོག་རྒྱ་གར་གྱི་རྩོམ་པ་པོ་Pico Iyer དང་ལྷན་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ལ་ཐོས་བསམ་སྒོམ་གསུམ་གྱི་སློབ་གཉེར་མཛད་ཕྱོཌ་སྐོར་བགྲོ་གླེང་མཛད་འདུག
སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་སྤྲོད་རྒྱུ་དེ་བཞིན་ཆོས་ལུཌ་རིས་མེད་ཀྱི་བཟང་སྤྱོད་དང་། ཀླད་པ་ཡར་རྒྱས་གོང་འཕེལ གཏོང་རྒྱུར་གཞི་བཅོལ་དགོས་སྐོར་སོགས་བཀའ་སློབ་གནང་སྐབས་མི་མང་པོ་དགའ་ངུ་ཤོར་བའི་མིག་ཆུ་བཏང་སྐོར་འཁོད་འདུག
དེ་བཞིན་ཉིན་འདི་ཚོར་རྒྱ་གར་གྱི་མི་མང་ཚོས་དགའ་མོས་ཆེན་པོ་བྱེད་སའི་CRICKET ཞེས་གཡུག་རྩེད་པོ་ལོའི་འགྲན་བསྡུར་ལ་གཟའ་ཉི་མའི་ཉིན་རྒྱ་གར་དང་། དབྱིན་ཡུལ་གྱི་གཡུག་རྩེད་པོ་ལོའི་རྩེད་འགྲན་པ་ཚོའི་བར་ཉིན་གཅིག་རིང་གི་50 OVER ཞེས་པའི་རྩེད་འགྲན་ཐུང་བ་དེ་བཞིན་རྡ་རམ་ས་ལའི་རྩེད་ཐང་ཆེན་མོའི་ཐོག་རྩེད་ཡོད་པ་རེད། སྐབས་དེར་༧གཟིགས་མོ་བའི་སྐུ་མགྲོན་ལ་༧གོང་ས་མཆོག་གདན་འདྲེན་ཞུ་ཐུབ་ན་སྙམ་པ་དབྱིན་ཇིའི་Cricket རྩེད་འགྲན་པ་ཚོས་རེ་བ་ཆེན་པོ་བྱས་ཡོད་པ་ཡང་གསར་ལམ་ཁག་ལ་འཁོད་འདུག