ཉིང་ཧོང་བདེ་སྲུང་བློན་ཆེན་གཞོན་པ་བལ་ཡུལ་དུ་འཚམས་འདྲི།
2009.05.02
༄༅༎དེ་ཡང་ཉི་ཧོང་གི་བདེ་སྲུང་བློན་ཆེན་གཞོན་པ་ནོ་བུ་ཀི་ཤི་མཆོག་དེ་རིང་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་ཁུལ་ཕེབས་འབྱོར་གྱིས་ཉིན་གཉིས་རིང་ཁུལ་དེར་བཞུགས་རྒྱུ་ཡིན་པ་དང་དེ་རིང་གནམ་ཐང་དུ་ཕེབས་འབྱོར་བྱུང་མ་ཐག་བལ་ཡུལ་ནང་གི་ཆབ་སྲིད་ཚོགས་པ་ཚོའི་བར་དམག་སྤྱི་གནས་དབྱུངས་གཏང་ཕྱོགས་ཀྱི་རྩོད་རྙོག་དེ་བཞིན་ནང་ཁུལ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག
ཁོང་ཁུལ་དེར་བཞུགས་རྒྱུན་རིང་བལ་ཡུལ་གྱི་བདེ་སྲུང་བློན་གྱི་གཙོས་འབྲེལ་ཡོད་དཔོན་རིགས་རྣམས་དང་མཇལ་འཕྲད་གནང་རྒྱུ་དང་གཙོ་བོ་བལ་ཡུལ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་མཚོན་རྟོག་ཞིབ་ཚོགས་ཆུང་ཁོངས་སུ་ཉི་ཧོང་གི་ལས་དོན་ཐོག་ཞིབ་འཇུག་གནང་བར་ཕེབས་པ་ཞིག་ཡིན་པ་ལས་དམིགས་བསལ་བལ་ཡུལ་ནང་གི་ཆབ་སྲིད་རྙོག་ཁྲའི་ཐོག་བལ་ཡུལ་གཞུང་གི་ངོས་ནས་ནང་ཁུལ་སེལ་དགོས་པ་ལས་དེའི་ཐོག་ཐེ་བྱུས་གནང་རྒྱུ་མིན་ལུགས་ཉི་ཧོང་གི་གཞུང་ཚབ་ཁང་ནས་གསལ་བསྒྲགས་སྤེལ་བའི་ནང་བཀོད་ཡོད་པ་རེད༎