བོད་དོན་གླེང་མེད།


2013.04.16
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་མཆོག
ཨེ་ཨེཕ་པི།

༄༅།    །ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གསར་པ་ ཇོན་ཀེ་རི་མཆོག་རྒྱ་ནག་ལ་ཕེབས་ནས་དཔོན་རིགས་རྣམས་དང་གྲོས་མོལ་གནང་བའི་སྐབས་སྤྱིར་འགྲོ་བ་མིའི་ཐོབ་ཐང་སྐོར་མ་གཏོགས་རེ་འདུན་ཕུལ་བ་ལྟར་བོད་ཀྱི་གནད་དོན་སྐོར་ཐད་ཀར་བཀའ་མོལ་གནང་བའི་གནས་ཚུལ་མེད་པ་རེད་འདུག ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ ཇོན་ ཀེ་རི་མཆོག་རྒྱ་ནག་དུ་རྒྱལ་དོན་འཚམས་གཟིགས་ཐེངས་དང་པོ་མ་གནང་གོང་ ཨ་རིའི་གྲོས་ཚོགས་ཀྱི་འཐུས་ ༢༡་ ཙམ་དང་ ལྷག་དོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཐད་ཀར་འབོད་བསྐུལ་གྱི་ཕྱག་བྲིས་ཕུལ་ནས་བོད་ཀྱི་གནད་དོན་སྐོར་རྒྱ་ནག་གི་དཔོན་རིགས་མཉམ་དུ་གྲོས་མོལ་གྱི་རེ་འདུན་ཕུལ་ཡོད་པ་རེད་། ད་ཆ་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་ཨ་མི་རི་ཀར་ཕྱིར་ཕེབས་གནང་གྲུབ་པ་དང་ ཁོང་གིས་བོད་ཀྱི་གནད་དོན་སྐོར་རྒྱ་ནག་གི་དཔོན་རིགས་རྣམས་ཀྱི་ལྷན་དུ་གླེང་སློང་གནང་ཡོད་མེད་དང་ བོད་རིགས་དྲུག་རྒྱ་ནག་གི་བཙོན་འཇུག་གི་ཁྲིམས་གཅོད་་ཀྱི་སྐོར་གསར་འགོད་པས་བཀའ་འདྲི་ཞུས་པའི་སྐབས་ཕྱི་སྲིད་མགྲིན་ཚབ་པ་ Patrick Ventell གྱིས་ལན་འདེབས་གནང་དོན་ལ་བོད་ནང་བོད་མི་རྣམས་ཀྱི་མེར་བསྲེག་དང་འབྲེལ་བའི་གནད་དོན་ཐོག་ཐུགས་འཚབ་ཡོད་པ་མ་ཟད་ རྒྱ་བོད་གཉིས་ཀྱི་དཀའ་རྙོགས་སེལ་བའི་ཆེད་རྒྱ་ནག་གི་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་ཏ་ལའི་བླ་མ་དང་ ཡང་ན་ཁོང་གི་སྐུ་ཚབ་ཀྱི་ལྷན་དུ་གྲོས་མོལ་གནང་དགོས་པའི་སྐོར་དང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་་John Kerry མཆོག་རྒྱ་ནག་ལ་ཕེབས་པའི་སྐོར་སྤྱིར་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་གནང་བ་ལས་བོད་ཀྱི་གནད་དོན་སྐོར་དངོས་སུ་གྲོས་མོལ་གནང་ཡོད་པའི་སྐོར་ཁ་གསལ་པོ་གང་ཡང་གསུངས་མེད་་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎