རྒྱ་གར་ཀཤ་མིར་ཁུལ་དུ་རྒྱ་ཡོངས་འོས་བསྡུའི་སྐོར།
2009.05.12
༄༅༎རྒྱ་གར་བྱང་ཕྱོགས་ཀཤ་མིར་ས་ཁུལ་ནང་ཁ་བྲལ་དྲག་སྤྱོད་པ་ཚོས་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་བྱེད་མི་ཆོག་པའི་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་ཡོད་ནའང་ཐེངས་འདིའིི་འོས་མིའི་ཁོངས་སུ་ལངས་མཁན་ས་ཇད་ལོན་ཟེར་བ་དེས་བློ་སྤོབས་ཆེན་པོའི་ཐོག་ནས་འོས་མི་སུ་ཡང་མི་འགྲོ་སའི་ཀཤ་མིར་ཁུལ་གྱི་ས་ཁུལ་མང་པོ་ཞིག་ཏུ་འོས་བསྡུའི་དྲིལ་བསྒྲགས་ཀྱི་ཆེད་དུ་ཕྱིན་ཡོད་ཅིང་དྲག་སྤྲོད་པ་ཚོས་ཁོང་རྒྱལ་ཚོང་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་ཡང་རིགས་གཅིག་གིས་ཁོང་ནི་བསམ་ཤེས་ལྡན་པ་ཞིག་ཡིན་པའི་བསྟོད་བསྔགས་ཀྱང་བྱེད་བཞིན་ཡོད་པ་རེད།
འོན་ཀྱང་ས་ཇད་ལོན་གྱིས་ཁོང་འོས་བསྡུའི་ནང་ལངས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ད་བར་ཀཤ་མིར་གྱི་གནད་དོན་ཐད་རྒྱ་གར་དང་པ་ཀིས་ཐན་གཉིས་ཀྱིས་གང་བཤད་གོ་ཐུབ་པ་ཙམ་ལས་ས་གནས་འདིའི་ནང་གནས་འདིའི་ནང་གནས་མཁན་ཀཤ་མིར་གྱི་ཡུལ་མི་ཚོའི་འབོད་སྒྲ་གོ་ཐུབ་པ་བྱུང་མེད་སྟབས་ཁོང་ཚོའི་འབོད་སྒྲ་གོ་ཐུབ་པ་བཟོ་ཐབས་ཆེད་འོས་བསྡུའི་ནང་ལངས་པ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག
གལ་ཏེ་ལོ་ན་བཞི་བཅུ་ཞེ་གཉིས་ལ་སོན་པའི་ས་ཇད་རྒྱ་གར་གྲོས་ཚོགས་ཀྱི་ནང་འཐུས་མི་བྱ་རྒྱུའི་གོ་སྐབས་བྱུང་ཚེ་གྲོས་ཚོགས་ཀྱི་ནང་ཀཤ་མིར་གྱི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་བྱ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ལ་ཁོང་གིས་རྒྱ་གར་གྲོས་ཚོགས་ལས་ལྷག་པའི་ཞུ་གཏུག་བྱ་ཡུལ་མེད་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག
ལོན་གྱི་ཕ་ཨཔ་རྡུལ་གཧ་ནི་ལོན་ནི་ཀཤ་མིར་ཁ་བྲལ་དུ་འདོད་པའི་ཚོགས་པ་གཙོ་བོ་དེ་བཙུགས་མཁན་ཡིན་པ་དང་བཟའ་ཟླ་ནི་པ་ཀིས་ཐན་ནང་རྟེན་གཞི་བྱེད་པའི་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་མི་ཞིག་གི་བུ་མོ་ཡིན་པ་རེད༎