ལྷ་ཚོགས་ལགས་བཙོན་གྲོལ་ཐོབ་འདུག
2013.04.12

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀུན་བཟང་བསྟན་འཛིན།
༄༅། །མགོ་ལོག་གཅིག་སྒྲིལ་རྫོང་སྲུང་དཀར་སྡེ་བ་ནས་ཡིན་པའི་ལྷ་ཚོགས་ལགས་ཕྱི་ཚེས་༡༡ཉིན་བཙོན་གྲོལ་ཐོབ་ནས་ས་གནས་སུ་ཕྱིར་ལོག་གནང་སྐབས། ས་གནས་མི་མང་གིས་བསུ་བ་ཟབ་རྒྱས་ཞུས་འདུག ཁོང་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཞི་རྒོལ་སྣེ་འཁྲིད་དང་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་བར་བཙོན་ཁང་ནང་བཞུགས་ཡོད་པ་དང༌། ད་རེས་ཁོང་བཙོན་འཇུག་དུས་ཚོད་གཙང་རྒྱུའི་ལོ་གཅིག་སྔོན་ལ་གློད་བཀྲོལ་བཏང་འདུག མགོ་ལོག་གཅིག་སྒྲིལ་རྫོང་ནང་ཡོད་པའི་དཔལ་ཡུལ་ཐར་ཐང་དགོན་པའི་དགེ་འདུན་པ་ཚོས་ལྷ་ཚོགས་ལགས་སུ་ཕེབས་བསུའི་སྣེ་ལེན་གོ་སྒྲིག་གནང་ཡོད་པའི་གནས་ཚུལ་འདུག།