ཨོ་རྩེད་རྒྱལ་ཁ་ཨ་མི་རི་ཀར་ཐོབ་ནས་མཇུག་སྒྲིལ།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་ཉིན་གྲངས་ ༡༧ རིང་གི་ཨོ་རྩེད་ལུས་རྩལ་འགྲན་ཚོགས་ཆེན་མོ་ཐེངས་ ༣༠ པའི་མཐའ་མའི་རྒྱལ་ཁ་ཨ་མི་རི་ཀར་ཐོབ་ནས་རྒྱལ་ཁའི་ངང་རྩེད་འགྲན་མཇུག་སྒྲིལ་ཡོད་པ་རེད།

2012.08.13

མཇུག་སྒྲིལ་མཛད་སྒོའི་སྐབས་ཨོ་རྕེད་དཔལ་འབར་དེ་ཕྱི་ལོ་ ༢༠༡༦ ལོར་རྩེད་འགྲན་གོ་སྒྲིག་བྱེད་མཁན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ BRAZIL གྱི་གྲོང་ཁྱེར་ཆེ་ཤོས་ Rio De Janeiro ལ་རྩིས་སྤྲོད་གནང་ཡོད། རྩེད་འགྲན་དེའི་ནང་ཡུལ་ཁག་མི་འདྲ་བ་ ༢༠༤ ཡིས་མཉམ་ཞུགས་བྱས་ཡོད་ཅིང་།  རྩེད་འགྲན་ཁྲོད་ཨ་མི་རི་ཀའི་རྩལ་འགྲན་པ་ཚོས་རྟགས་མ་མང་ཤོས་བླངས་ནས་རྒྱལ་ཁ་ཐོན་ཡོད་པ་དང་། བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལ་འདུར་རྒྱུག་ཁྲོད་ཟངས་ཀྱི་རྟགས་མ་ཐོབ་ཡོད། མདོ་དོན་དུ་ཨ་མི་རི་ཀའི་རྩལ་འགྲན་པ་ཚོས་ གསེར་གྱི་རྟགས་མང་ཤོས་ལེན་ཡོད་པ་མ་ཟད་ སྤྱི་ཡོངས་ཀྱི་ཆ་ནས་རྟགས་མ་མང་ཤོས་ཡང་ལེན་ཡོད་པ་རེད།  གནས་རིམ་གཉིས་པར་རྒྱ་ནག་དང་གསུམ་པར་དབྱིན་ཡུལ་སླེབས་ཡོད་པ་རེད་། ལོ་བཞི་རེའི་མཚམས་སུ་དབྱར་ཀའི་སྐབས་སུ་ཚུགས་སྲོལ་ཡོད་པའི་ཨོལིམཔིཀ་རྩེད་འགྲན་རྗེས་མ་དེ་བཞིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ BRAZIL གྱི་གྲོང་ཁྱེར་ཆེ་ཤོས་ Rio De Janeiroར་ཚུགས་རྒྱུ་ཡིན་པ་ལྟར་ གྲོང་ཁྱེར་དེ་ཡིས་ད་ལྟ་རང་ནས་རྩེད་་འགྲན་ཚུགས་ཡུལ་རྩེད་ཐང་དང་ རྩེད་ར་སོགས་ཀྱི་འཛུགས་བསྐྲུན་ལས་འཆར་གྲ་སྒྲིག་བྱེད་བཞིན་པ་ཡིན་པ་རེད་། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ BRAZIL ནང་འདས་པའི་མི་ལོ་བཅུ་ཕྲག་གཅིག་ཙམ་རིང་དཔལ་འབྱོར་གྱི་འཕེལ་རྒྱས་ཤིན་ཏུ་མྱུར་པོ་ཕྱིན་ཏེ། དབྱིན་ཡུལ་ལས་ལྷག་པའི་དཔལ་འབྱོར་གྱི་གནས་སྟངས་ཚད་མཐོར་སླེབས་ཏེ། འཛམ་གླིང་ནང་ཨང་དྲུག་པར་སླེབས་ཡོད་པ་རེད་། འོན་ཀྱང་ལས་དོན་ཇི་འདྲ་ཡིན་རུང་དུས་བཀག་ནང་ཚུད་ལ་ཚར་བ་བྱ་རྒྱུ་དང་། སྤུས་ཚད་ལྡན་པ་བྱ་རྒྱུར་རྣམ་དཔྱོད་ཀྱི་རྩལ་དང་། འཇོན་ཐང་ལྡན་པའི་འགྲེམས་སྟོན་བྱ་རྒྱུའི་ཐད་ཁབ་ BRAZIL གྱི་མི་མང་རྣམས་ལ་ཁྱད་ཆོས་དང་། ཡོན་ཏན་དེ་ཙམ་མེད་ལུགས་གནད་དོན་ཞིབ་འཇུག་མཁན་ཚོས་བརྗོད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎