མངའ་སྡེའི་བློན་ཆེན་ལ་བོད་མིའི་བདེ་སྡུག་ཞུས་འདུག


2013.10.31
ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག
པར། བོད་མིའི་སྒྲིག་འཛུགས།

ནང་སྲིད་བཀའ་བློན་མཆོག་རྒྱལ་སྤྱིའི་Para Gliding འམ་མཁའ་དབྱིངས་འཕུར་ལྡིང་རྩེད་འགྲན་མཇུག་སྒྲིལ་མཛད་སྒོའི་སྐུ་མགྲོན་དུ་ཕེབས་འདུག

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སུ་ཡོད་པའི་སྦིར་བོད་མིའི་གཞིས་ཆགས་ཁུལ་དུ་། མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་གོ་སྒྲིག་འོག་བདུན་ཕྲག་གཅིག་རིང་རྒྱལ་སྤྱིའི་Para Gliding འམ་གནམ་མཆོངས་རྩེད་འགྲན་བྱས་ཡོད་པ་དང་། ཚེས་ ༣༡ ཉིན་འགྲན་རྩོད་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Virbhadra Singh རྣམ་གཉིས་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་འདུག     ཝིར་བོད་མིའི་གཞིས་ཆགས་ཁུལ་དུ་རྒྱལ་སྤྱིའི་མཁའ་དབྱིངས་འཕུར་ལྡིང་རྩེད་འགྲན་མཇུག་སྒྲིལ་གྱི་མཛད་སྒོ་དང་སྟབས་བསྟུན་བཀའ་བློན་རྒྱ་རི་སྒྲོམ་མ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་ཀྱིས་བོད་མིའི་བདེ་སྡུག་ཁག་ཅིག་སྙན་སེང་ཡང་ཞུས་གནང་འདུག
སྦིར་གཞིས་ཆགས་ཁུལ་དུ་རྒྱལ་སྤྱིའི་མཁའ་དབྱིངས་འཕུར་ལྡིང་འགྲན་བསྡུར་ནང་འཛམ་གླིང་ས་ཕྱོགས་གང་ས་ནས་རྩེད་མགྲན་པ་མཉམ་ཞུགས་གནང་གི་ཡོད་པ་བཞིན་འདི་ལོའི་འགྲན་རྩོད་ནང་འཛམ་གླིང་ཡུལ་གྲུ་འདྲ་མིན་ཁག་༢༥ ཙམ་ནས་རྩེད་འགྲན་པ་ཁྱོན་ ༡༠༧ མཉམ་ཞུགས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎