བལ་ཡུལ་ནང་བ་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ།


2017.01.08
དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལེགས་པར་བཞེངས་གྲུབ་པའི་དགའ་སྟོན་སྐབས། ༢༠༡༧།༡།༩ དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལེགས་པར་བཞེངས་གྲུབ་པའི་དགའ་སྟོན་སྐབས། ༢༠༡༧།༡།༩
འཇིགས་མེད་སྙན་གྲགས།/RFA

བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
དེ་ཡང་གནས་ཚུལ་ལྟར་ན། གནས་མཆོག་རྡོར་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་པའི་ཉིན་མཐའ་མ་སྤྱི་ཚེས་༡༤་ཉིན། བལ་ཡུལ་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚོགས་སྐྱིད་ཁག་༢༣་ཙམ་གྱིས་ཐོུང་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དེ་ནི་དེ་སྔ་བྱུང་མ་མྱོང་བ་ཞིག་ཡིན་པ་ལྟར། བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་དང་། བརྟན་བཞུགས་གོ་བསྒྲིགས་ཚོགས་ཆུང་གི་ཚོཌ་གཙོ་རྡོ་རྗེ་དགྲ་འདུལ་གུ་རུམ་ལགས་ཀྱིས་གསར་འགོད་པ་འབྲེལ་བརྗོད་གནང་དོན། ཤར་དང་ལྷོ་ནུབ་བྱང་སོགས་ཚང་མ་ནས་ཡོད་པའི་ནང་ཚན་གྲུབ་རྒྱུད་གླིང་ཞེས་པ་ནི། འུམ་ལ་ཕྱོགས་ནས་ཡིན་པ་དང་། ད་དུང་མེན་པ་ས་མ་སི་། ལི་སྨི། ཀརྨ་རོང་། མུ་གུམ། གློ་པ། གཉན་ཞང་པ། རྣར་པ། ནུབ་རི། ཚུམ། སན་ཏུའུ་པ་ཏུའུ་ཤར་པ། ཡོར་མོ། སོ་ལོ་ཁོམ་པོ་ཤར་པ། ལེབས་ཆི་ཤར་པ། རྟ་མང། བོའོ་ཏ་གཡས་གཡོན་རྟ་མང་གོ་སྒྲིག། ཨེ་བན་བོའོ་ཏི་སི་ཀྲར་རྟ་མང་། འོ་ལུང་སོགས་ཚོགས་པ་༢༣་ཙམ་ཡོད་པའི་སྐོར་དང་། ད་རེས་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཐོུང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་དགོས་དོན་གཙོ་བོ་ནི་༧གོང་ས་མཆོག་སྐུ་ཚེ་བརྟན་པ་དང་། སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པའི་སྨོན་ལམ་ཆེད་ཡིན་ཞིང་། ད་རེས་དུས་འཁོར་དབང་ཆེན་ཞུ་བར་བལ་ཡུལ་ཧི་མ་ལ་ཡའི་མི་མང་ཧ་ལམ་བདུན་སྟོང་མ་ཟིན་པ་སླེབས་ཡོད་པ་རེད།
ཁོང་རང་ཚོགས་གཙོའི་ངོས་ནས་ཚོགས་སྡེ་དེ་འདྲ་ཞིག་འཛུགས་རྒྱུའི་བསམ་བློ་བཏང་བ་ཡིན། མ་འོངས་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་དང་བོད་གཞུང་བར་འབྲེལ་བ་ཆེ་རུ་ཆེ་རུ་འགྲོ་རྒྱུ་རེད་བསམ་གྱི་འདུག་ལ་མ་འོངས་༧གོང་ས་མཆོག་བལ་ཡུལ་དུ་གདན་འདྲེན་ཞུ་ཐུབ་རྒྱུ་ཡིན་པ་བཅས་ཀྱི་བསམ་ཚུལ་གླེང་འདུག།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎