ཕྱིའི་གསར་འགོད་པ་རྒྱ་ནག་ནས་ཕྱིར་ཐོན་དགོས་བ་བྱུང་བཞིན་པ།


2014.01.28
༢༠༠༦ལོར་རྒྱ་ནག་ཧེ་ལུང་ཅང་ཞིང་ཆེན་ལ་འབྲེལ་ཡོད་ཚན་པས་ཕྱི་རྒྱལ་གསར་འགོད་པར་ཉེན་བརྡ་གཏོང་བཞིན་པ། ཕྱི་རྒྱལ་གསར་འགོད་པ་ཚོར་རྒྱ་ནག་ལ་སྡོད་ཆོག་པའི་མཐོང་མཆན
པར། AFP

པེ་ཅིན་ལ་ཡོད་པའི་ཕྱི་རྒྱལ་གསར་འགོད་པ་ཚོར་རྒྱ་ནག་ལ་སྡོད་ཆོག་པའི་མཐོང་མཆན་མ་སྤྲད་པར་དཀའ་ངལ་འཕྲད་བཞིན་པ་རེད་འདུག
དེ་ཡང་རྒྱ་ནག་གཞུང་གིས་པེ་ཅིན་ནང་ཡོད་པའི་ཨ་མི་རི་ཀའི་ནིའུ་ཡོག་དུས་བབ་གསར་ལས་ཁང་གི་གསར་འགོད་པ་ཞིག་རྒྱ་ནག་ནང་སྡོད་ཆོག་པའི་མཐོང་མཆན་visaམ་སྤྲད་པའི་རྐྱེན་གྱིས་ད་ཆ་རྒྱ་ནག་ནས་ཕྱིར་ཐོན་དགོས་བ་ཆགས་བཞིན་པ་ཧ་ལམ་ངེས་པ་ཡིན་འདུག འདི་ནི་བར་སྐབས་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གཏན་སྡོད་ཕྱི་རྒྱལ་གསར་འགོད་པ་ཚོའི་ཐོག་དམ་བསྒྲཌ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
ཨ་མི་རི་ཀའི་གསར་ལས་ཁང་ཊཡིམསི་དུས་དེབ་དང་། ཚོང་ལས་གསར་འགྱུར་ཆེད་ལས་ཁང་ Bloomberg སོགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཚོའི་ཁྱིམ་ཚང་དང་འབྲེལ་ཡོད་ནང་མིའི་རྒྱུ་ནོར་མཁར་དབང་སོགས་ཀྱི་ཐད་ཞིབ་འཇུག་བྱས་པའི་གྲུབ་ཐོ་གང་མང་བཏོན་པར་རྒྱ་ནག་གཞུང་་མི་དགའ་བ་ཆེན་པོ་བྱུང་ཡོད་ཅིང་། རྒྱ་ནག་གཞུང་གིས་གོང་གི་གསར་འགྱུར་ལས་ཁང་དེ་དག་དང་དེ་མིན་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་ལ་དམ་བསྒྲཌ་མངོན་གསལ་དོད་པོའི་ཐོག་ནས་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎