བཀའ་ཁྲི་ཨ་རིའི་བོད་མིའི་ཚོགས་ཆེན་ལ་མཉམ་ཞུགས།

བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དབུ་བཞུཌ་ཐོག་ཕྱི་ཚེས་༢༡་ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་བྱང་ཨ་མེ་རི་ཀའི་བོད་རིགས་སྤྱི་མཐུན་ཚོཌ་པའི་ཚོཌ་ཆེན་ཐེངས་༡༣པ་དེ་ཚོཌ་འདུག

2012.07.23

དེ་ཡང་བྱང་ཨ་མེ་རི་ཀའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིཌ་གནང་བ་ལྟར་ཚོཌ་ཆེན་དེའི་ཐོག་བྱང་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲཌ་ལཌ་དང་། བྱང་ཨ་རིའི་བོད་མི་མང་གི་སྤྱི་འཐུས་ནོར་བུ་ཚེ་རིང་ལཌ་དང་། བཀྲིས་རྣམ་རྒྱལ་ལཌ་ དེ་བཞིན་ས་གནས་༢༥་ནས་བོད་རིགས་སྤྱི་མཐུན་ཚོཌ་པའི་སྐུ་ཚབ་འཐུས་མི་༣༥་མཉམ་བཞུཌ་གནང་འདུག  ཚོཌ་ཆེན་དབུ་འབྱེད་སྐབས་བོད་ཀྱི་བསྟན་པ་ཆབ་སྲིད་དོན་དུ་རང་གི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོཌ་བློས་གཏོང་མཁན་བོད་ཀྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་སྟེ་མྱ་ངན་གུས་བཏུད་ཞུས་འདུག དེ་ནས་བྱང་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲཌ་ལཌ་ཀྱིས་བོད་རྒྱལ་ཁབ་དང་། བོད་མི་རིགས་ཀྱི་ངོ་བོའམ་རྣམ་པ་སྲུང་སྐྱོབ་དང་མི་ཉམས་བརྒྱུད་འཛིན་གནང་ཕྱིར་བོད་ཀྱི་སྐད་ཡིག་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས་འདུག ཡང་ཚོཌ་ཆེན་དེའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་པ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་མང་གཙོའི་ལམ་ལུཌ་དེ་གལ་ཆེ་ཡིན་སྐོར་སོཌ་བཀའ་གནང་འདུག  ཚོཌ་བཅར་བ་རྣམས་ཀྱིས་གྲོས་གཞི་དོན་ཚན་དྲུག་ཐོག་བཀའ་བསྡུར་གནང་ཡོད་ཅིང་། དེ་དག་ནི་རིང་མིན་ཕྱི་ཟླ་དགུ་པའི་ནང་དམིཌ་བསལ་ཚོཌ་ཆེན་ཐེངས་གཉིས་པ་དེ་འཚོཌ་གཏན་འཁེལ་སྟབས་ཚོཌ་ཆེན་ཐོག་བོད་ཀྱི་བདེན་པའི་འཐབ་རྩོད་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། བོད་རིགས་སྤྱི་མཐུན་ཚོཌ་པ་ཁག་ཚཌ་ཚུད་ཡར་རྒྱས་གཏོང་ཐབས་དང་བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས་དང་། བོད་རིགས་སྤྱི་མཐུན་ཚོཌ་པའི་དབར་འབྲེལ་བ་ཤུཌ་ཆེ་རུ་གཏོང་ཐབས་བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་ཡོད་སྐོར་བོད་མིའི་ཡ་རབས་སྤྱོད་བཟང་མི་ཉམས་དགོང་འཕེལ་གཏོང་ཐབས། བྱང་ཨ་རིའི་ནང་གི་རང་རིགས་གཞོན་སྐྱེས་རྣམས་ཀྱི་བོད་སྐད་དང་བོད་ཡིག་ཡར་རྒྱས་གཏོང་ཐབས་  Tibet Lobby Day འམ་བོད་དོན་རྒྱབ་སྐྱོར་འཚོལ་བའི་ཉིན་མོ་དང་། འབྲེལ་ཡོད་བྱང་ཨ་རིའི་ཁྱབ་ཁོངས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོཌ་པ་ཁག་དང་བོད་རིགས་སྤྱི་མཐུན་ཚོཌ་པ་དེ་བཞིན་མངའ་སྡེ་ཁག་དང་གྲོང་ཁྱེར་སོ་སོའི་གཞུང་དང་། གྲོས་ཚོཌ་ནང་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་རྒྱ་མི་རིགས་དང་འབྲེལ་བ་དམ་ཟབ་གཏོང་ཕྱོཌ་བཅས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་འདུག

North American Tibetan Association’s meeting held in NY

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎