གཅེར་བུར་བུད་ནས་བོད་དོན་རྒྱབ་སྐྱོར་བྱས་འདུག

དབྱིན་ཡུལ་དུ་ལོན་ཊིན་ཨོ་རྩེད་དཔལ་འབར་སྐོར་བསྐྱོད་སྐབས་ཕྱི་གླིང་བོད་དོན་རྒྱབ་སྐྱོར་བ་ཞིག་གཅེར་བུར་མདུན་ལ་ཐོན་ནས་བོད་དོན་རྒྱབ་སྐྱོར་དང་བོད་རང་དབང་གི་ལས་འགུལ་སྤེལ་འདུག

2012.07.11

ཚེས་༡༠ ཉིན་དབྱིན་ཡུལ་གྱི་གཙང་པོ་གྲགས་ཅན་Thames ཞེས་པའི་འགྲམ་དུ་ལིན་ཊིན་ཨོ་ལིན་ཕིས་ཁ་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་སྐབས། ལོ་༢༧་ཡིན་པའི་Danil leerཞེས་བས་རྒྱབ་ཏུ་བོད་རང་དབང་ཞེས་དབྱིན་ཡིག་བྲིས་ཏེ་གཅེར་བུར་དཔལ་འབར་མདུན་ཐོན་ནས་བོད་དོན་རྒྱབ་སྐྱོར་དང་། བོད་རང་དབང་གི་ལས་འགུལ་སྤེལ་ཡོད། སྐབས་དེར་གཞུང་ལམ་གཡས་གཡོན་གྱི་ལྟད་མོ་བ་མི་ཚོཊ་ཀྱིས་འུར་སྒྲ་དང་རྒྱབ་སྐྱོར་མཚོན་བྱེད་ཐལ་མོ་རྡེབ་པ་སོཊ་བྱས་འདུག རིང་པོ་མ་འགོར་བར་ཉེན་རྟོག་པས་ཁོང་བཟུང་རྗེས་གློད་ཡོད་ཀྱང་། ཚུལ་མཐུན་མིན་པའི་ཉེན་སྐྱོན་བཙུཊ་ནས་ཟླ་༧་ཚེས་༢༥་ཉིན་ཁྲིམས་ཁང་དུ་ཡོང་དགོས་པའི་བརྡ་བཏང་ཡོད་འདུག
༢༠༠༨ལོར་པེ་ཅིན་ཨོ་ལེམ་ཕིས་ཁི་དཔལ་འབར་ཁྱེར་ནས་ལིན་ཊིན་དུ་འབྱོར་སྐབས་སུ་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་རྐྱེན་མི་གྲངས་༣༧འཛིན་བཟུང་བྱས་ཡོད་འདུག   ཟླ་འདིའི་སྤྱི་ཚེས་༢༧ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལིན་ཊིན་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིས་ཁི་རྩེད་འགྲན་འགོ་འཛུཊ་འཆར་ཡོད་པ་དང༌། དེའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་ལུས་རྩལ་བ་དང་ལྟད་མོ་བ་མང་པོ་འདུ་འཛོམ་བྱུང་ངེས་པས། དབྱིན་ཡུལ་གྱིས་གཟབ་ནན་སྒོས་བདེ་འཇཊ་སྲུང་སྐྱོབ་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
སྤྱི་ཚེས་༡༠ཉིན་རྒྱ་ནག་གིས་ཨོ་ལིམ་ཕིས་ཁི་རྩེད་འགྲན་ནང་ཞུཊ་མཁན་ལུས་རྩལ་པ་༣༩༦ ཡོད་པ་དང༌། དེའི་ནང་བོད་དང་ཡུ་གུར། སོག་པོ། ཁ་ཆེ་སོཊ་གྲངས་ཉུང་མི་རིཊ་༡༠ཙམ་གྱི་ལུས་རྩལ་བ་༢༥ ཡོད་ཚུལ་ཡང་བཤད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎