ལོ་༥༠དང་བོད་ཀྱི་གནད་དོན་ཞེས་པའི་ཞུགས་མོལ་ལྷན་ཚོགས།

རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱལ་ས་ལྡི་ལིའི་ནང་རྒྱ་ནག་གིས་རྒྱ་གར་ནང་བཙན་འཛུལ་བྱས་པའི་ལོ་༥༠དང་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་ཞུགས་མོལ་ལྷན་ཚོགས་གོ་སྒྲིག་གནང་འདུག།

2012.10.22

རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་དེ་རིང་རྒྱལ་ས་ལྡི་ལིའི་ནང་གི་Rajendra Bhawan ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་གིས་རྒྱ་གར་ས་ཐོག་བཙན་འཛུལ་བྱས་པའི་ལོ་༥༠དང་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་ཞུགས་མོལ་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་Dr.N.K.Trikha ཡིས་ལྷན་ཚོགས་དབུ་འཛུགས་ཀྱི་གསུང་བཤད་ནང༌། ༡༩༦༢ལོར་རྒྱ་ནག་གིས་རྒྱ་གར་ཐོག་བཙན་འཛུལ་བྱས་པ་དེས་རྒྱ་ནག་ངོས་ནས་རྒྱ་གར་ཐོག་གཏོར་རྒོལ་གཏོང་རྒྱུའི་འདོད་པ་ཡོད་པ་གསལ་བཏོན་བྱས་ཡོད་པའི་སྐོར་གསུངས་ཏེ།

རྒྱ་ནག་གིས་རྒྱ་གར་མཉམ་རྒྱ་དཀར་ནག་གཉིས་ཕན་ཚུན་སྤུན་མཆེད་ལྟ་བུ་ཡིན་ཞེས་བརྗོད་པ་དང༌། དེ་ནས་ཕྱོགས་གཉིས་དབར་ཞི་མཐུན་མཉམ་གནས་བྱ་རྒྱུའི་ཆིངས་ཡིག་དོན་ཚན་ལྔའི་ཐོག་མིང་རྟགས་བཀོད་བཞིན་དུ་རྒྱ་ནག་གིས་རྒྱ་གར་ལ་མགོ་སྐོར་བསླུ་བྲིད་བཏང་ཡོད་པའི་ལོ་རྒྱུས་འགྲེལ་བཤད་གནང་འདུག

དེ་ནས་རྒྱ་གར་གྱི་དམག་སྤྱི་གཞོན་པ་ཟུར་པ་General N.S.Malik ཡིས་བོད་དེ་བཞིན་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བའི་ཐད་གནད་འགག་ཆགས་ཀྱི་ཡོད་པ་དང༌། རྒྱ་ནག་གིས་བོད་ཐོག་དབང་སྒྱུར་བྱས་པ་ནས་བཟུང་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་ས་མཚམས་ཐོག་རྩོད་གཞི་ཆགས་ཡོད་ནའང༌། རྒྱ་གར་གྱི་ངོས་ནས་དཀའ་རྙོག་དེ་སེལ་ཐབས་སུ་ཆབ་སྲིད་ཀྱི་འདོད་པ་མེད་པ་དེ་དཀའ་ངལ་ཆེ་ཤོས་དེ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

དེ་བཞིན་རྒྱ་གར་གྱི་གཞུང་ཚབ་ཟུར་པ་Ranjit Gupta ཡིས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཚོས་སྤྱི་མོས་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་སྐོར་གསུང་པ་དང༌། དམག་དཔོན་ཟུར་པ་Vinod Saighal ཡིས་ རྒྱ་གར་གཞུང་གིས་རྒྱ་ནག་མཉམ་ས་མཚམས་སྐོར་གྲོས་མོལ་གནང་སྐབས་བོད་ཀྱི་གནད་དོན་སྐོར་གླེང་གློང་ངེས་པར་དུ་གནང་དགོས་པའི་སྐོར་གསུངས་འདུག

ཡང་ལྷན་ཚོགས་དེའི་ཐོག་ཕེབས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Balbir Punj ཡིས་ ༡༩༥༠འི་ནང་རྒྱ་གར་གྱིས་ཕུགས་རྒྱང་རིང་པོའི་ཐབས་ཇུས་ལག་བསྟར་གནང་ཡོད་ཚེ་། རྒྱ་ནག་གིས་བོད་དབང་སྒྱུར་བྱེད་ཐུབ་ཡོད་ཀྱི་མ་རེད་ལ། རྒྱ་དཀར་ནག་གཉིས་དབར་ད་ལྟ་ཡོད་བཞིན་པའི་ས་མཚམས་ཀྱི་རྩོད་གཞི་དེའང་མེད་ཀྱི་རེད་ཅེས་གསུངས་པ་དང༌ཆབ་ཅིག། བོད་ལ་ཉིན་གཅིག་རང་དབང་ཐོབ་པའི་རེ་འབོད་ཀྱང་གནང་འདུག།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་ཆབ་སྲིད་ཉམསཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ནས་བོད་ཐོག་རྒྱ་ནག་གི་བཙན་འཛུལ་བྱས་པའི་ལོ་རྒྱུས་རག་བསྡུས་ཤིག་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་གར་གཞུང་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག།  དེ་བཞིན་བཀའ་མོལ་གནང་མཁན་གྱི་གྲས་སུ་Jawaharlal Nehru གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་Dr. Anand Kumar དང་རྒྱ་གར་གྱི་གསར་འགོད་པ་Vijay Kranti རྣམ་གཉིས་ཀྱང་འདུག།   གོང་ཞུས་ཞུགས་མོལ་ལྷན་ཚོགས་དེའི་ཐོག་ལྡི་ལིའི་ནང་གནས་བཞུགས་ས་གནས་བོད་མི་དང་རྒྱ་གར་བ་བརྒྱ་སྐོར་ཞིག་ཡོད་པ་དང༌། འཕགས་བོད་མཛའ་འབྲེལ་ཚོགས་པ་དང༌། རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པ། ཧི་མ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་གར་ནང་གི་སློབ་ཕྲུག་བོད་རང་དབང་ཚོགས་པ་དང༌། ཧི་མ་ལ་ཡ་ཁྱིམ་ཚང་ཚོགས་པ་དང༌། རྒྱ་གར་རྒྱལ་ཡོངས་ཁ་ཆེའི་ལས་འགུལ་ཚོགས་པ་བཅས་ཟུང་འབྲེལ་ཐོག་ནས་ལྷན་ཚོགས་དེ་གོ་སྒྲིག་གནང་བ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎