ལས་འགུལ་བ་འཛིན་བཟུང་དང་བཙན་དབང་གིས་བསྡུ་གསོག

རྒྱ་ནག་གི་བདེ་སྲུང་བློན་ཆེན་ལ་བོད་མི་ཚོས་ངོ་རྒོལ་བྱས་སྐབས་བོད་ཀྱི་གཞོན་ནུ་དང་སློབ་ཕྲུག་ཚོགས་པའི་ཚོགས་མི་སོགས་ལས་འགུལ་བ་མང་པོ་འཛིན་བཟུང་དང་བཙན་དབང་གིས་རས་གུར་སོགས་བསྡུ་གསོག་བྱས་འདུག

2012.09.05

དེ་ཡང་རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་ལ་འབྱོར་བའི་གོ་སྐབས་དང་བསྟུན་ཚེས་༥ ཉིན་ལྡི་ལི་ནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་དང་། བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཚོའི་ལག་ཏུ་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་བའི་འཕྲེད་དར་དང་། ཤོག་བྱང་།  ད་དུང་གཟུགས་པོའི་ཐོག་འབོད་ཚིག་འདྲ་མིན་བྲིས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་ཐད་ལ་རྒྱ་གར་གཞུང་གི་རྒྱབ་སྐྱོར་དང་འཛམ་གླིང་ཧྲིལ་པོའི་ཐེ་བྱུས་དགོས་སྐོར་གྱི་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་དང་བོད་རང་དབང་སློབ་ཕྲུག་ཚོགས་ཚོགས་མི་སོགས་ལས་འགུལ་བ་མང་པོ་ཉེན་རྟོག་པས་འཛིན་བཟུང་བྱས་བའི་ཁྲོད་སློབ་ཕྲུག་ཚོགས་པའི་རྒྱ་གར་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་དང་། ལས་འགུལ་འགན་འཛིན་བསྟན་འཛིན་འཇིགས་བྲལ་གཉིས་ཀྱང་ཡོད་པ་རེད་འདུག

རྒྱ་གར་བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་དོན། “རྒྱ་གར་ནི་འཛམ་གླིང་ཐོག་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་ལོ་རྒྱུས་ཐོག་སེམས་དཔའ་ཆེན་པོ་གྷན་ངྷའི་འཚེ་མེད་ཞི་བའི་ལས་འགུལ་བརྒྱུད་ནས་ཐོབ་པའི་ད་ལྟའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པས།  རྒྱ་གར་རྒྱལ་ཁབ་ལ་བོད་པའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་ཀུན་སྤྱོད་རང་བཞིན་གྱི་འགན་འཁྲི་ཡོད་། ད་དུང་བོད་ཀྱི་གནད་དོན་ཐག་གཅོད་གཙང་མ་བྱེད་ཐུབ་ན།  ད་གཟོད་རྒྱ་དཀར་ནག་གཉིས་དབར་གྱི་རྩོད་རྙོག་ལའང་རང་བཞིན་གྱི་ལམ་ཁ་གསར་པ་ཞིག་རྙེད་ཐུབ།“ཅེས་བརྗོད་འདུག

ད་དུང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན་ལྟར་ན། རྒྱ་གར་ཉེན་རྟོག་པས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་བྱེད་མཁན་གསུམ་པོ་བསྐྱར་དུ་འཛིན་བཟུང་དང་། ལས་འགུལ་སྤེལ་ཡུལ་གྱི་རས་གུར་སོགས་བཙན་དབང་གིས་བསྡུ་གསོག་རྒྱབ་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎