དོན་གྲུབ་དབང་ཆེན་ལ་གསར་འགོད་རང་དབང་གི་བྱ་དགའ།

དེང་སང་མུ་མཐུད་རྒྱ་ནག་གིས་བཙོན་འཇུག་བྱས་བསྡད་ཡོད་པའི་འཇིག་བྲལ་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་སུ་གསར་འགོད་རང་དབང་གི་བྱ་དགའ་ཐོབ་ཡོད་པ་རེད་འདུག

2012.11.20

དེ་ཡང་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་དོན། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་Committee for Journalist Protection ཞེས་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་དགོང་དྲོའི་གསོལ་ཚིགས་དང་སྟབས་བསྟུན་མཛད་སྒོ་ཞིག་གི་སྐབས་འཛམ་གླིང་ནང་གསར་འགོད་ཀྱི་ལས་ཀའི་ངོ་བོའི་ཐོག་ནས་སྡུག་སྦྱོང་མནར་གཅོད་དང་། བཙོན་བཅུག། ཉེན་བརྡ་འབྱོར་བ་སོགས་བྱུང་བའི་རིགས་གསར་འགོད་པ་བཞི་ལ་བྱ་དགའ་ཞིག་གནང་རྒྱུ་ཡིན་པའི་ཁོངས་སུ་ད་ལྟའི་ཆར་རྒྱ་ནག་གཞུང་གི་བཙོན་ཁང་ནང་ཡོད་པའི་དོན་གྲུབ་དབང་ཆེན་ལགས་ཀྱང་ཚུད་ཡོད་པ་རེད། ལོ་འདིའི་ནང་། བྱ་དགའ་བཞེས་མཁན་ཁོངས་ནས་གསར་འགོད་པ་དོན་གྲུབ་དབང་ཆེན་ལགས་དང་། ཀིར་གྷི་ཛི་ཐན་ནས་ཡིན་པའི་གསར་འགོད་པ་ཨ་ཛིམ་ཇོན་ཨས་ཀ་རོཝ་གཉིས་བཙོན་ཁང་ནང་ཡོད་པའི་ཆ་ནས་དངོས་སུ་བྱ་དགའ་བཞེས་པར་བཅར་ཐུབ་ཀྱི་མེད་པ་རེད། གོང་ཞུས་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཇོལ་ས་ཡེ་མན་མཆོག་གིས། གསར་འགོད་པ་བཞི་པོ་དེ་དག་ནས་དྲང་བདེན་གྱི་གནས་སྟངས་ལ་འཐབ་རྩོད་ཀྱི་མཛད་རྗེས་ལ་ང་ཚོར་སེམས་འགུལ་ཐེབས་སོང་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག བྱ་དགའ་བཞེས་མཁན་གསར་འགོད་པ་བཞི་པོ་ནི་བོད་རིགས་དོན་གྲུབ་དབང་ཆེན་ལགས་ནི་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྔོན་ཙམ་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ཐོག་གློག་བརྙན་གསང་བའི་ཐོག་ནས་རྒྱབ་པའི་ཉེས་མིང་འོག་ལོ་དྲུག་གི་བཙོན་བཅུག་ཉེས་ཆད་ཕོག་ཡོད་པ་རེད། དེ་ནས་བྷ་ར་ཛིལ་ནས་ཡིན་པའི་མོ་རི་ ཀོ་ནིག་ཞེས་པས་ལོ་ངོ་ཉི་ཤུ་རྩ་གཉིས་རིང་ཡུལ་དེའི་ནང་ལྐོག་ཟ་རུལ་སུངས་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ཐེར་བཏོན་གྱི་གསར་འགྱུར་བཀོད་པ་སོགས་ཀྱིས་སྲོག་ཚུན་ཆད་ལའང་ཉེན་བརྡ་འབྱོར་བ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་འདུག དེ་དང་ཕྱོགས་མཚུངས་ལི་བྷི་རི་ཡའི་ནང་བུད་མེད་གསར་འགོད་པ་མ་ཡེ་ཨ་ཛང་གྷོ་ཞེས་པས་བུད་མེད་ཀྱི་དཀའ་ངལ་སྐོར་གནས་ཚུལ་བཀོད་པའི་རྐྱེན་གྱིས་ཉེན་བརྡ་འབྱོར་ནས་གསང་ཡིབ་ཀྱང་བྱས་དགོས་བྱུང་ཡོད་པ་ཞིག་ཡིན་འདུག དེ་ནས་ཀིར་གྒིཛ་གྱི་ཨ་ས་རོཝ་ནི་འགྲོ་བ་མིའི་ཐོབ་ཐང་དང་། ལྐོག་ཟའི་གནས་ཚུལ་བཀོད་པའི་རྐྱེན་གྱིས་བཙོན་བཅུག་ཉེས་ཆད་བཀལ་ནས་བཙོན་ཁང་ནང་ཡོད་པ་བཅས་བཞི་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎