རྒྱ་ནག་གི་བྱེད་སྟངས་དེར་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གིས་ཉེ་ཆར་བོད་ནང་གི་གནས་ཚུལ་ཕྱིར་སྐྱེལ་བྱས་པའི་ཉེས་མིང་འོག་དགེ་འདུན་པ་ཡོན་ཏན་རྒྱ་མཚོ་ལ་ཁྲིམས་ཐག་བཅད་པའི་བྱེད་སྟངས་ལ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོཌ་ཀྱིས་སྐྱོན་བརྗོད་བྱས་འདུག

2012.08.28

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོཌ་ཀྱིས། འདི་ལོའི་ཕྱི་ཟླ་དྲུག་པའི་ཚེས་༡༨་ཉིན་རྔ་པ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཡོན་ཏན་རྒྱ་མཚོ་ལཌ་ལ་ལོ་བདུན་རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས། ཟླ་བ་གཉིས་ཀྱི་རྗེས་སུ་མ་གཏོཌ་གནས་ཚུལ་ཕྱི་གསལ་ནང་གསལ་བྱས་མེད་པ་དང་། གནས་སྟངས་དེའི་འོག་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྐོར་ལ་སེམས་འཚབ་ཆེན་པོ་པ་བཤད་འདུག ད་དུང་ རྒྱ་ནག་གིས་ཉེ་ཆར་བོད་ནང་གི་གནས་ཚུལ་ཕྱིར་སྐྱེལ་བྱས་པའི་ཉེས་མིང་འོག་དགེ་འདུན་པ་ཡོན་ཏན་རྒྱ་མཚོ་ལ་ཁྲིམས་ཐག་བཅད་པའི་བྱེད་སྟངས་ལ་སྐྱོན་བརྗོད་དང་འབྲེལ་གང་མགྱོགས་གློད་དཀྲོལ་གཏོང་དགོས་བའི་དགོས་འདུན་བཏོན་འདུག རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོཌ་ཀྱིས་ཕྱི་ལོ་༢༠༡༡་དང་༢༠༡༢་ལོར་འཛམ་གླིང་ནང་གི་གསར་འགོད་རང་དབང་སྐོར་གྱི་སྙན་ཐོའི་ནང་རྒྱ་ནག་ནི་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་གྲས་སུ་ཡོད་པ་དང་། མཐུན་ཚོཌ་དེས་ཕྱི་ལོ་༢༠༡༢་ལོར་རྒྱ་ནག་ནི་གནས་འཕྲིན་དྲ་རྒྱའི་དགྲ་ཡིན་སྐོར་ཐོ་གཞུང་ནང་བཀོད་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎