དོ་སྣང་ཆེ་ཙམ་གནང་དགོས།


2013.03.26
རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Rajeev Chandrasekher མཆོག
ཁོང་གི་གཞུང་འབྲེལ་དྲ་གནས།

༄༅།    །རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Rajeev Chandrasekher མཆོག་གིས་བོད་ནང་གི་བོད་མིས་རང་ལུས་མེར་སྲེག་གཏོང་བཞིན་པའི་ཛ་དྲག་གི་གནད་དོན་དེར་འཛམ་གླིང་ཁྱོན་ཡོངས་དང་།    ལྷག་པར་དུ་རྒྱ་གར་གཞུང་ཕྱོགས་ནས་དོ་སྣང་ཆེ་ཙམ་ལེན་དགོས་པའི་སྐོར་རྒྱ་གར་གྱི་གྲོས་ཚོགས་ལ་ཞུ་སྐུལ་གནང་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག
དེ་ཡང་སྐུ་ཞབས་Rajeev Chandrasekhar ལགས་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཕྱག་བྲིས་དེ་ཚེས་༡༩ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་ལྷན་རྒྱས་ལ་ཕུལ་ཡོད་པ་དང་།    ཁོང་གི་ཕྱག་བྲིས་དེའི་ནང་།    བོད་ཐེ་བས་འཛམ་གླིང་གི་ས་ཕྱོགས་གང་རུང་ནང་འཚར་ལོངས་བྱེད་བཞིན་པའི་མི་ཐོག་གསར་པའི་གཞོན་ནུ་ཕོ་མོ་སུ་འདྲ་ཞིག་རུང་། རང་རེའི་ཕ་མ་དང་། སྤྱི་ཚོགས།    དེ་བཞིན་སྒེར་སོ་སོར་དོན་སྙིང་ལྡན་པའི་མ་འོངས་མདུན་ལམ་ཞིག་བསྐྲུན་རྒྱུའི་ཐོབ་ཐང་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ནས་བོད་ནང་བོད་མི་གཞོན་སྐྱེས་མང་པོས་ གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་གཏོང་བཞིན་པའི་ཡིད་སྐྱོའི་གནས་ཚུལ་དང་། རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་ཇི་ཆགས་སྐོར།  རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་རྒྱ་གར་ངོས་ནས་དོ་སྣང་ལེན་གལ་ཆེ་བའི་སྐོར་གསལ་འདོན་གནང་བཞག་ ཁོང་གིས་ད་དུང་།    བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་གྲོས་ཚོགས་ནང་བཀའ་སློབ་གསུངས་བཤད་གནང་བར་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་གདན་ཞུ་གནང་དགོས་པ་དང་།  དེ་བཞིན་བོད་མིའི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་མཆོག་རྒྱ་གར་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྷན་དུ་མཇལ་འཕྲད་གདན་ཞུ་གནང་དགོས་པའི་སྐོར་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎