ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་དང་ཐུགས་འཕྲད།

ཨ་མི་རི་ཀའི་གློག་བརྙན་འཁྲབ་མཁན་དང་བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་སྐུ་ཞབས་རིག་ཆར་སུས་ཛིར་ལན་ཌིའི་ནང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་དང་ཐུགས་འཕྲད་བྱས་འདུག

2012.09.25

དེ་ཡང་ཚེས་ ༢༣ ཉིན་སྐུ་ཞབས་ཁོང་ཁུལ་དེར་གློག་བརྙན་དུས་སྟོན་དུ་ཆེད་ཕེབས་གནང་ཞིང༌།  ཁོང་ལ་ཛུ་རིཀ་གློག་བརྙན་དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་མི་ཚེ་གཅིག་རིང་གི་བྱས་རྗེས་ལ་བསྔགས་བརྗོད་ཀྱི་ལེགས་གསོ་ཕུལ་བ་དང་སྦྲགས། ཁོང་གིས་འཁྲབ་སྟོན་གནང་པའི་གློག་བརྙན་གསར་པ་ Arbitrage ཟེར་བ་དེ་ཡང་གཟིགས་འབུལ་ཞུས་ཡོད་པ་རེད།

དེ་བཞིན་ཁོང་གིས་རི་ཀོན་དགོན་པའི་མཁན་པོ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་དང༌། སུད་སིའི་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྐལ་ལྡན། སུད་སིའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་ལམ་གྲགས་ སུད་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གངས་ཤོངས་ཚང་ཀུན་བཟང༌། སུད་བོད་མཛད་འབྲེལ་ཚོགས་པའི་ཚོགས་གཙོ་ ཨ་ཕྲུག་ཚང་སྨོན་ལམ་བཅས་དང་མཇལ་འཕྲད་གནང་འདུག།

སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་མཐུན་འགྱུར་གནང་པའི་མཇལ་འཕྲད་དེའི་སྐབས་བོད་པའི་སྐུ་ཚབ་ཚོས་རི་ཆརཌ་གྷི་ཡར་ལ་ཁོང་གིས་ལོ་མང་རིང་བོད་དོན་ཐད་ཤ་ཚ་ཐུགས་འཁུར་གནང་པར་ཐུགས་རྗེས་ཞུས་ཤིང༌། ཁོང་གིས་བོད་ནང་བོད་མི་ ༥༡ གིས་རང་ལུས་མེར་བསྲེགས་བཏང་པ་དང་། བོད་ནང་ད་ལྟ་ཛ་དྲག་གི་གནས་སྟངས་ཡོད་མུས་ལ་ཧ་ཅང་གི་ཐུགས་འཚབ་ཆེན་པོ་ཡོད་པ་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎