ཨ་རིའི་གཙུག་ལག་སློབ་གྲ་ཞིག་གིས་སྲིད་སྐྱོང་མཆོག་ལ་གཟེངས་རྟགས་འབུལ་འཆར།


2015.10.01
ཨ་རིའི་གཙུག་ལག་སློབ་གྲ་ཞིག་གིས་སྲིད་སྐྱོང་མཆོག་ལ་གཟེངས་རྟགས་ཤིག་འབུལ་འཆར། སྲིད་སྐྱོང་བློ་བཟང་སེང་གེ་
སྲིད་སྐྱོང་བློ་བཟང་སེང་གེ་གི་ངོ་དེབ་

༄༅།ཨ་རིའི་གཙུག་ལག་སློབ་གྲ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གཟེངས་རྟགས་ཤིག་འབུལ་འཆར།
དེའང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན།   སྤྱི་༢༠༡༥་ཟླ་༡༠་ཚེས་༡༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཨ་རིའི་ས་ལི་བུ་རི་གཙུག་ལག་སློབ་གཉེར་ཁང་གི་སྙན་གྲགས་ཆེ་བའི་པིར་སི་ཌེན་ཤལ་ཞེས་པའི་གཟེངས་རྟགས་གནང་རྒྱུ་ཡིན་པ་རེད་འདུག།     པིར་སི་ཌེན་ཤལ་རྟགས་མ་ཞེས་པ་དེ་ནི་གཙུག་ལག་སློབ་གཉེར་ཁང་དེས་སྤྱི་ཚོགས་ནང་གཟེངས་སུ་ཐོན་པ་དང་འཆར་སྣང་ཅན་གྱི་འགོ་ཁྲིད་མི་སྣ་སྒེར་པ་ཁག་ཅིག་ལ་གནང་སྲོལ་ཡོད་པ་ཞིག་རེད།  ཐེངས་གཟེངས་རྟགས་འདི་ནི་མི་རི་ལན་ཌི་མངའ་སྡེའི་ཁོངས་སུ་གཏོགས་པའི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་མཉམ་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འབུལ་གནང་རྒྱུའི་ཐག་གཅོད་གནང་བ་ལྟར་གསལ་བསྒྲགས་གནང་བ་ཞིག་ཡིན་འདུག།  དེ་བཞིན་འདི་ལོ་ཟླ་བཅུ་པའི་ནང་སྲིད་སྐྱོང་མཆོག་གིས་ཁུལ་དེར་མང་གཙོ་དང་འབྲེལ་བའི་གསུང་བཤད་མ་གནང་གོང་དེ་གའི་ས་ལིས་བུ་རི་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་སྐུ་ཞབས་ཇ་ནེཌ་ཌཌུ་ལེ་Janet Dudley- Eshbachལགས་ཀྱིས་སྲིད་སྐྱོང་ལ་རྟགས་མ་དེ་འབུལ་རྒྱུ་ཡིན་འདུག    ཕྱོགས་མཚུངས་འདི་ལོ་ཟླ་བཅུ་པའི་ནང་བོའོ་སར་མན་རྩོད་རྙོག་འདུམ་འགྲིག་བསྟི་གནས་ཁང་དུ་སྲིད་སྐྱོང་མཆོག་ལ་མགྲོན་འབོད་ཞུས་པ་བཞིན་དེར་སྲིད་སྐྱོང་མཆོག་གིས།      འགྱུར་བ་གཏོང་རྒྱུར་གང་ཟག་གཅིག་གིས་ཀྱང་ཁྱད་པར་བཟོ་ཐུབ་ཅེས་པའི་རྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་དང་།  སྐབས་དེར་རྒྱལ་ཁབ་ཀྱི་དབུ་ཁྲིད་ཟུར་པ་ཁག་ཅིག་དང་དེ་བཞིན་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཆེས་མཐོའི་མི་སྣ་ཁག་ཅིག་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག།
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎