ཐའེ་ལྦན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ།

ཐའེ་ལྦན་གྱི་དཔལ་འབྱོར་འཕེལ་རྒྱས་༢༠༡༠ལོར་བརྒྱ་ཆ་༡༠ལྷག་བྱུང་ཡོད་པ་དེ་ནི་མི་ལོ་༢༣ནང་དཔལ་འབྱོར་འཕེལ་རྒྱས་མྱུར་ཤོས་བྱུང་ཡོད་པ།

2011.02.01

༄༅༎ཐའེ་ལྦན་གྱི་དཔལ་འབྱོར་འཕེལ་རྒྱས་༢༠༡༠ལོར་བརྒྱ་ཆ་༡༠དང་གྲངས་ཆུང་༤༧བྱུང་ཡོད་པ་དེ་ནི། མི་ལོ་༢༣ནང་དཔལ་འབྱོར་འཕེལ་རྒྱས་མྱུར་ཤོས་བྱུང་ཡོད་པ་ཐའེ་ལྦན་གཞུང་འབྲེལ་གྱིས་ངོས་འཛིན་བྱེད་པ་དང༌། གནས་ཚུལ་དབྱེ་ཞིབ་པས་རྒྱ་ནག་དང་ཚོང་འབྲེལ་བྱས་པ་དེ་ཡིས་དཔལ་འབྱོར་འཕེལ་རྒྱས་ལ་གཙོ་བོའི་འགན་ལེན་སྐྲུན་ཐུབ་པ་བྱུང་བ་ཡིན་ཚུལ་དགོངས་ཚུལ་གསུང་གི་ཡོད་པ་རེད།

གནས་ཚུལ་དབྱེ་ཞིབ་པས་གསུང་ན། ཐའེ་ལྦན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཡར་རྒྱས་ཕྱོགས་སུ་མདུན་བསྐྱོད་བྱེད་བཞིན་པ་ད་ཡིས་ཐའེ་ལྦན་གྱི་དངོས་ཟོག་ཕྱིར་ཚོང་གི་བྱ་གཞག་ཐོག་ཧ་ཅང་གི་ཕན་ཐོགས་སྐྲུན་ཐུབ་པ་བྱུང་ཡོད་པ་གསུང་གི་ཡོད་པ་དང༌།

ཐའེལྦན་གྱི་དངུལ་རྩིས་དང༌། རྩིས་ཞིབ་ལས་ཁང་གིས་གསུང་པར། ཕྱི་ལོ་༡༩༨༧ནས་ཐའེ་ལྦན་གྱི་དཔལ་འབྱོར་འཕེལ་རྒྱས་ལེགས་ཤོས་བྱུང་ཡོད་པ་དང༌། འོན་ཀྱང་བར་ལམ་དཔལ་འབྱོར་ཉམས་རྒུད་ཆེན་པོ་ཕྱིན་པ་དེ་བསྐྱར་གསོ་ཧ་ཅང་གི་དལ་བུས་འགྲོ་བཞིན་པར་བརྟེན་ནས། མ་འོངས་པའི་ལོ་གཅིག་ནང་དཔལ་འབྱོར་འཕེལ་རྒྱས་ཕྱོགས་སུ་འགྲོ་རྒྱུ་ཡིན་ནའང་འཕེལ་རྒྱས་ཀྱི་ཚད་གཞི་ནི་དེ་སྔ་༡༩༨༧ནས་བྱུང་བའི་འཕེལ་རྒྱས་ཀྱི་ཕྱེད་ཀ་ལྷག་ལས་ཡོང་རྒྱུ་མིན་པའི་སྔོན་དཔགས་གནང་གི་ཡོད་པ་རེད།

ཐའེ་ལྦན་གྱི་སི་ཊི་སྦེང་(Citibank)ཡི་དཔལ་འབྱོར་ཐོག་གི་ཆེད་ལས་པ་ཞིག་གིས། ན་ནིང་ཐའེ་ལྦན་གྱི་དཔལ་འབྱོར་འཕེལ་རྒྱས་ཡག་པོ་བྱུང་བ་དེར་གཙོ་བོའི་མཐུན་རྐྱེན་སྐྲུན་མཁན་ནི་རྒྱ་ནག་ཡིན་པ་དང༌། ཕྱོགས་གཉིས་པོའི་འབྲེལ་ལམ་དེའི་ཐོག་ནས་དཔལ་འབྱོར་གྱི་འབྲེལ་ལམ་ཉེ་རུ་ཕྱིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎