ཐེ་དབན་དང་རྒྱ་ནག་བར་འབྲེལ་ལམ་ཐད་ཀར་འགོ་བཙུགས་པ།

ཉེ་ཆར་རྒྱ་ནག་དང་ཐེ་དབན་གྱི་མཚོ་མཁའ་འབྲེལ་ལམ་ཐད་ཀར་འཛུགས་རྒྱུའི་གྲོས་ཆོད་ལྟར་ཕྱི་ཚེས་བཅོ་ལྔའི་ཉིན་འགོ་བཙུགས་བྱས་ཡོད་པ་རེད།

2008.12.15

༄༅༎རྒྱ་ནག་དང་ཐེ་དབན་གྱི་འབྲེལ་ཡོད་ལས་ཁང་གི་དཔོན་རིགས་དབར་ཉེ་ཆར་རྒྱ་ནག་ནས་ཐེ་དབན་དུ་མཁའ་ཐོག་དང་མཚོ་ཐོག་ཡིག་འགྲུལ་ཕྱོགས་གསུམ་དབར་ཐད་ཀར་འབྲེལ་ལམ་འཛུགས་རྒྱུའི་གྲོས་ཆོད་བཞག་པར་གཞིར་བཟུང་ཕྱི་ཚེས་བཅོ་ལྔའི་ཉིན་རྒྱ་ནག་གི་ཧྲན་ཀྲན་འགྲུལ་བསྐྱེལ་མཁའ་འགྲུལ་ལས་ཁང་གི་འགྲུལ་བསྐྱེལ་གནམ་གྲུ་ཐོག་མ་དེ་ཐེ་དབན་ལ་ཐད་ཀར་འཕུར་བསྐྱོད་བྱས་ནས་དེའི་ཉིན་ཐེ་དབན་གྱི་སུང་ཧྲན་གནམ་ཐང་དུ་འབྱོར་ཡོད་པ་དང་དེ་རྗེས་རྒྱ་ནག་གི་འགྲུལ་བསྐྱེལ་གནམ་གྲུའི་ལས་ཁང་ཁག་གསུམ་ཙམ་གྱི་འགྲུལ་བསྐྱེལ་གནམ་གྲུ་ཐད་ཀར་ཐེ་དབན་དུ་ཕུར་བསྐྱོད་བྱས་ཏེ་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་དབན་བར་ཕྱི་ལོ་ཆིག་སྟོང་བཞི་བཅུ་ཞེ་དགུ་ནས་འདས་པའི་ལོ་ངོ་དྲུག་ཅུ་ཙམ་རིང་ཐད་ཀར་འབྲེལ་ལམ་མཚམས་འཇོག་བྱས་པ་ནས་བཟུང་དེ་རེས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཐེ་དབན་དུ་མཁའ་ཐོག་ནས་འགྲུལ་བསྐྱེལ་ལས་དོན་རྒྱུན་ལྡན་ཅན་གྱི་ཐོག་ནས་སྤེལ་རྒྱུ་འགོ་བཙུགས་བྱས་ཡོད་པ་རེད།

དེ་དང་ཆབས་ཅིག་ཕྱོགས་གཉིས་བར་མཁའ་ཐོག་ནས་དངོས་ཟོག་དབོར་འདྲེན་དང་དེ་བཞིན་མཚོ་ཐོག་ནས་འགྲུལ་པ་དང་དངོས་ཟོག་ཐད་ཀར་དབོར་འདྲེན་གྱི་ལས་དོན་ཡང་དུས་གཅིག་ཏུ་འགོ་བཙུགས་བྱས་ཡོད་པ་དང་རྒྱ་ནག་གྲོས་མོལ་ལྷན་ཁང་དང་ཐེ་དབན་ཐེབས་རྩ་ཚོགས་པའི་འགན་འཛིན་བར་ཉེ་ཆར་གྲོས་མོལ་གནང་སྟེ་གྲོས་མཐུན་བྱུང་བ་ལྟར་ན་རྒྱ་ནག་ནས་ཐེ་དབན་དུ་ཐད་ཀར་འཕུར་བསྐྱོད་བྱེད་མཁན་གྱི་གནམ་གྲུ་རྒྱ་ནག་གི་པེ་ཅིན་དང་ཧྲང་ཧད་དང་ནན་ཅིང་དང་གོང་ཀྲའུ་དེ་བཞིན་ཤའ་མན་བཅས་ཀྱི་ས་ཁུལ་ནས་འགོ་བཙུགས་བྱ་རྒྱུ་དང་དེ་རྗེས་རིམ་པས་གྲོང་ཁྱེར་གཞན་ཁག་ནས་ཀྱང་ཐེ་དབན་དུ་འགྲུལ་བསྐྱེལ་དང་དངོས་ཟོག་དབོར་འདྲེན་གྱི་གནམ་གྲུ་ཐད་ཀར་འཕུར་བསྐྱོད་བྱ་རྒྱུའི་ནང་དོན་འཁོད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎