ལག་འཁྱེར་ངོས་ལེན་གནང་རྒྱུ།


2013.05.03
ལག་འཁྱེར་ངོས་བཞེས་གནང་རྒྱུའི་ཐད་མོས་མཐུན་གནང་བ།
༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དྲ་གནས།

༄༅།    །རྒྱ་གར་ལྷོ་ཕྱོགས་མེ་སོར་གཙུག་ལག་སློབ་གཉེར་ཁང་ནས། ལོ་ལྔའི་རིང་༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཐོན་པའི་ལག་འཁྱེར་ངོས་ལེན་གནང་རྒྱུའི་ཞལ་བཞེས་གནང་འདུག    དེ་ཡང་༧གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བུ་མོ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན།    ཕྱི་ལོ་༢༠༡༣།༡༤ལོ་གནས་བཟུང་ B.A. ཞེས་པའི་ཐུན་མོང་གཙུག་ལག་སློབ་ཐོན་དང། B.Com ཞེས་ཚོང་རིག་གཙུག་ལག་སློབ་ཐོན། གཞན་ཡང་ BCA ཞེས་པའི་གློག་ཀླད་རྩིས་འཕྲུལ་གཙུག་ལག་སློབ་ཐོན་བཅས་ཀྱི་ལག་འཁྱེར་ལ་མེ་སོར་གཙུག་ལག་སློབ་ཁང་ནས་ངོས་ལེན་གནང་གི་རེད་ཅེས་གསུངས་འདུག    རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱེད་པའི་༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གསར་འཛུགས་བྱས་ནས་ད་ལྟའི་བར་རྒྱ་གར་གཞུང་གིས་ཚད་ལྡན་ལག་འཁྱེར་ཐོབ་མེད་པར་བརྟེན། མེ་སོར་གཙུག་ལག་སློབ་གཉེར་ཁང་ལ་༢༠༡༢ ལོའི་ཕྱི་ཟླ་༡༡ ཚེས་༢༤ ཉིན་སྙན་ཞུ་དེ་ཕུལ་ནས་ད་རེས་ཕྱི་ཟླ་༤ཚེས་༢༠ ཉིན་ཕན་ཚུན་མོས་མཐུན་འོག    དེ་ལྟར་ཐག་གཅོད་བྱུང་བ་ཞིག་ཡིན་འདུག
མེ་སོར་གཙུག་ལག་སློབ་གཉེར་ཁང་ནི།    མེ་སོར་གྱི་རྒྱལ་པོ་ Nalvadi Krishnaraja་Wodeyar IV ལགས་ཀྱིས་༡༩༡༦ ལོར་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་།    ༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི།    ཕྱི་ལོ་༢༠༠༩ ལོར་༧གོང་ས་མཆོག་གིས་དབུ་འབྱེད་གནང་བ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎