ཟི་ཁྲོན་ཁུལ་དུ་ཆུ་ལོག་གི་དཀའ་ངལ།
2012.07.11
རྒྱ་ནག་གིས་བརྗོད་བཞིན་པའི་ཟི་ཁྲོན་ཞིང་ཆེན་མངའ་ཁུལ་གྱི་ས་གནས་མང་པོར་ཆུ་ལོག་བྱང་བའི་རྐྱེན་པས་ཡུལ་མི་ཉིས་སྟོང་ལྷག་གནས་སྤོར་བྱེད་དགོས་བྱུང་འདུག
ཁྲིན་འདུ་ནས་ཞིན་ཧ་གསར་ལས་ཁང་གིས་སྤེལ་དོན། ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ནང་ཆར་ཤུགས་ཆེ་བ་དང་། ས་རུད་ཀྱི་རྐྱེན་པས་གཙང་པོ་འགག ནས་མཚོ་འཁྱིལ་ཡོད་ལུགས་ས་གནས་ཀྱི་དཔོན་རིགས་ཚོས་འགྲེལ་བརྗོད་བྱས་ཡོད་འདུག། གནས་ཚུལ་ནང་ཐོན་པར་གཞིགས་ན། ཧེ་ཧྲུའེ་(Heishui) གཙང་པོ་འགག ནས་བོད་རིགས་ས་ཁུལ་ རྔ་པ་དང་ཅང་(Qiang) རང་སྐྱོང་ས་ཁུལ་ནང་རེས་གཟའ་ཟླ་བའི་ཉིན་གཙང་ཆུ་མཚོ་ནང་བཞིན་འཁྱིལ་ཡོད་འདུག། ད་བར་ཆུ་ལོག་དང་ས་རུད་ཀྱི་རྐྱེན་འབྲེལ་ལམ་ཆད་པ་མ་གཏོགས་མི་རྒྱུ་གཉིས་ལ་གོད་ཆགས་བྱུང་བའི་གནས་ཚུལ་མི་འདུག། འོན་ཀྱི་ཆུ་མི་ཊི་གྲུ་བཞི་ འབུམ་བཞི་ཙམ་འཁྱིལ་ཡོད་སྟབས་རིམ་པས་མི་རྒྱུ་གཉིས་ལ་གོད་ཆགས་ཀྱི་ཉེན་ཁ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།