ཨ་རིའི་དམག་མི་བོད་མི་བཀྲ་ཤིས་དོན་འགྲུབ།

དེང་སང་ཨ་མི་རི་ཀའི་དམག་མིའི་ཁོངས་སུ་བོད་མི་ཡོད་པ་དང་། བཀྲིས་དོན་འགྲུབ་ཨ་མི་རི་ཁའི་དམག་མིའི་ཁོངས་ནས་དེང་སང་ཨ་ཧྥུ་གྷ་ནི་སི་ཐན་ནང་རྒྱབ་གཉེར་མཁོ་སྒྲུབ་དཔུང་དམག་གི་སྡེ་ཚན་ནང་ཡོད་པ་རེད།

2012.10.24

བོད་རིགས་བཀྲ་ཤིས་དོན་འགྲུབ་ལགས་ཞུ་བ་ཁོང་ཐོག་མར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་ནས་ཡིན་པ་དང་དེ་གར་རྒྱ་ནག་གཞུང་གིས་སྲིད་བྱུས་འོག་བོད་ནང་ཆོས་དང་རིག་གཞུང་སོགས་བོད་མིའི་རང་དབང་ཐོབ་ཐང་སོགས་མེད་པར་བརྟེན་ཁོང་རང་ལོ་༨་ཙམ་ནས་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ཡོད་པ་རེད་།

དེ་རྗེས་ཁོིང་རྒྱ་གར་ཁུལ་སློབ་གྲར་བསྐྱོད་པ་དང་ཁོང་ཆུང་ངུའི་དུས་ནས་མ་འོངས་པར་དམག་མི་ཞིག་བྱེད་བསམ་པའི་འདུན་པ་ཆེན་པོ་ཡོད་པ་དང་མ་ཟད་སློབ་གྲའི་དགེ་རྒན་གྱིས་ཀྱང་ཨ་མི་རི་ཁའི་མཚོ་དམག་གི་སྐོར་སོགས་སྒྲུང་མང་པོ་གོ་མྱོང་ཡོད་ཙང་བཀྲ་ཤིས་དོན་འགྲུབ་ཨ་མི་རི་ཁའི་ནང་སླེབས་པའི་རྗེས་ཁོང་ཨ་མི་རི་ཁའི་ཆབས་འབངས་ཡུལ་མི་ཆགས་པ་དང་བཅས་ཁོང་གིས་ཨ་མི་རི་ཁའི་དམག་མིའི་ནང་འཛུལ་བཞུགས་བྱས་ཡོད་པ་རེད།

དེང་སང་བཀྲིས་དོན་འགྲུབ་ཨ་མི་རི་ཁའི་དམག་མིའི་ཁོངས་ཨ་ཕྷ་གྷ་ནི་སི་ཐན་གྱི་ནང་རྒྱབ་གཉེར་མཁོ་སྒྲུབ་དཔུང་དམག་གི་སྡེ་ཚན་ནང་ཡོད་པ་རེད།

མ་ཟད་པའི་བཀྲ་ཤིས་དོན་འགྲུབ་ལགས་བོད་རིགས་ཤིག་ཡིན་རུང་ཨ་མི་རི་ཁའི་དམག་ཞབས་ནང་བཞུགས་ཐུབ་པ་དེ་ནི་ཁོང་རང་གི་འདོད་དོན་ཞིག་གྲུབ་ཡོད་ལགས་དེ་བཞིན་ཨ་རིའི་རྒྱལ་ཁབ་སྲུང་སྐྱོབ་དང་། དམག་ས་ནས་ཚུར་ཨ་རིར་ཕྱིར་ལོག་སྐབས་སུའང་ཁོང་ནི་ཨ་མི་རི་ཁའི་མི་ཁོངས་ཤིག་ཡིན་པ་བརྗོད་མེད་ཡིན་པའི་དགའ་ཚོར་བྱུང་ཞེས་གསུང་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎