ཀརྨ་པ་མཆོག་གིས་རང་ལུས་མེ་བསྲེགས་ཐད་བློ་འཚབ།
2012.09.24
དེ་ཡང་Austria ་གསར་འགོད་པ་བཞུགས་སྒར་དུ་བཅར་ཏེ་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་བཅར་འདྲི་ཞུས་པའི་ནང་དོན་ཚེས་༢༣ རེས་གཟའ་ཉི་མའི་ཉིན་གསར་ཤོག་ཐོག་འགྲེམས་སྤེལ་བྱས་ཡོད་པའི་ནང་། ཀརྨ་པ་མཆོག་གིས། བོད་ནང་གི་གནས་སྟངས་ནི་ཧ་ཅང་གི་དཀའ་ཚེགས་ཅན་དང་ཡིད་སྐྱོ་དགོས་པའི་ཐབས་སྡུག་དང་གནས་སྟངས་ཛ་དྲག་ཞིག་ཡིན་པ་གསུང་པ་མ་ཟད། དམིགས་བསལ་བོད་ནང་དུ་རང་ལུས་མེར་བསྲེག་གཏོང་མཁན་ད་བར་བོད་མི་༥༡ ལྷག་བྱུང་ཡོད་པ་དང༌། ད་དུང་ཡང་མི་༧༠ དང་༨༠ ཡོང་སྲིད་པར་བརྟེན་ནས་ངོས་རང་བློ་འཚབ་ཆེན་པོ་ཡོད་པའི་སྐོར་གསུང་ཡོད་པ་རེད། ད་དུང་དེང་སྐབས་འཛམ་གླིང་ནང་དུ་འགྱུར་བ་མྱུར་པོ་འགྲོ་གི་ཡོད་པ་ཚང་མས་ཤེས་གསལ་ལྟར་རྒྱ་ནག་ཀྱང་འགྱུར་བ་མྱུར་པོ་འགྲོ་གི་ཡོད་པར་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རེ་བ་གནང་གི་ཡོད་པའི་སྐོར་དང༌། ཁོང་ལ་རྒྱ་གར་གཞུང་གི་བཀའ་ཁྲོལ་ཐོབ་ན་ལོ་གསར་པའི་ནང་ཡོ་རོབ་ཁུལ་དུ་ཕེབས་རྒྱུའི་ཐུགས་རེ་གནང་གི་ཡོད་པ་སོགས་གསུངས་འདུག