བོད་དང་རྒྱ་ནག་བར་བོད་དོན་ཞི་བའི་གྲོས་མོལ་གྱི་རེ་བ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་མི་རི་ཀ་ནས་ཁ་སང་གཏམ་བཤད་གནང་སྐབས་བོད་དང་རྒྱ་ནག་བར་བོད་དོན་ཞི་བའི་གྲོས་མོལ་གནང་ཐུབ་པའི་རེ་བ་ཡོད་པ་གསུངས་འདུག

2012.10.10

དེ་ཡང་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་ཀྱི་འབད་བརྩོན་གནང་གི་ཡོད་སྐོར་བཤད་པ་དང་ཆབས་ཅིག། རྒྱ་ནག་དང་བོད་བར་ཕན་ཚུན་འབྲེལ་བ་བྱེད་མི་ཐུབ་པ་མེད་སྐོར་Harvard གཙུག་ལག་སློབ་གྲྭ་ཆེན་མོའི་གསར་ཤོག་Harvard Crimson ཐོག་གནས་ཚུལ་ཐོན་ཡོད།

སྲིད་སྐྱོང་མཆོག་གིས་ལོ་རྒྱུས་ཐོག་ནས་བོད་མི་དང་རྒྱ་མི་རིགས་གཉིས་ཞི་བདེའི་ངང་མཉམ་གནས་བྱས་ཡོད་པ་བཞིན། བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་བཟང་ཤོས་དེ་གྲོས་མོལ་ཡིན་སྐོར་གསུངས་ཞོར། ལྷ་སའི་བར་སྐོར་ནང་སྔོག་གཤེར་འགག་སྒོ་མང་པོ་གསར་འཛུགས་བྱས་ནས་བོད་མིའི་ཐོག་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་སོགས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་འདུག

སྐབས་དེར་མང་ཚོགས་ཁྲོད་ནས་རྒྱ་ནག་གིས་བོད་དབང་སྒྱུར་བྱས་རྗེས་བོད་མི་མང་པོའི་འཚོ་བ་ཡར་རྒྱས་ཕྱིན་ཡོད་སྐོར་དྲིས་བར་། སྲིད་སྐྱོང་མཆོག་གིས་ཉི་མའི་ནུས་ཤུགས་དང་འཐུང་ཆུ། གསང་སྤྱོད་སོགས་གསར་པ་རྒྱབ་པ་དེ་བོད་མིའི་རང་དབང་དང་བརྗེ་ཐབས་མེད་པ་བཤད་ཡོད།

དེ་བཞིན་བློ་བཟང་སེངྒེ་མཆོག་གིས་བོད་ནང་བོད་མི་ཚོས་ངོ་རྒོལ་བྱས་པའི་བྱུང་འབྲས་ག་རེ་ཆགས་མིན་གསལ་པོ་མཁྱེན་གྱི་ཡོད་སྟབས། བོད་ནང་གི་བོད་མི་ཚོར་ངོ་རྒོལ་བྱེད་དགོས་རྒྱུའི་སྐུལ་སློང་གནང་གི་མེད་སྐོར་གསུངས་ཏེ། ངོ་རྒོལ་བྱས་པ་ཡིན་ན་རྒྱ་མིས་འཛིན་བཟུང་བྱེད་པ་དང༌། གར་སོང་ཆ་མེད་གྱུར་བ་སོགས་བྱེད་ཀྱི་ཡོད་པ་གསལ་པོ་ཡིན་རུང༌། ངོ་རྒོལ་བྱས་ཚར་བའི་རྗེས་ལ་བོད་ནང་གི་བོད་མི་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་རྒྱུ་དང༌། གནས་ཚུལ་དེ་ཚོ་འཛམ་གླིང་ལ་དྲིལ་བསྒྲགས་གནང་རྒྱུ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ཡིན་སྐོར་འགྲེལ་བརྗོད་གནང་འདུག

མཐའ་བསྡོམས་ད་དུང་བོད་ཀྱི་དཀའ་རྙོག་སེལ་རྒྱུ་དེ་དཀའ་ལས་ཁག་པོ་ཞིག་ཡིན་རུང༌། དེ་ངེས་པར་སེལ་ཐུབ་རྒྱུ་དང་ང་ཚོས་སེལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎