མིག་སྒྲིབ་རྒྱལ་དཀྲོག་ལས་འགུལ་བ་རྒྱ་གར་ནུབ་བྱང་ལ་འབྱོར།

མིག་སྒྲིབ་རྒྱལ་དཀྲོག་ལས་འགུལ་བ་མིག་དམར་གྱིས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཆེད་དུ་གོམ་བགྲོས་གནང་བཞིན་པ་ལྟར། ཚེས་༨ ཉིན་རྒྱ་གར་གྱི་ནུབ་བྱང་ར་རྒྱུ་སུ་ཐན་མངའ་སྡེའི་གྲོང་ཁྱེར་རྒྱེ་པོར་ལ་འབྱོར་འདུག

2012.09.11

མིག་དམར་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་འཛམ་གླིང་གི་དབུ་ཁྲིད་ཚོ་དང་མི་དམངས་ཀྱིས་ཤེས་རྟོགས་ཡོང་སླད་འདི་ལོའི་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་གོམ་བགྲོས་ཀྱི་ལས་འགུལ་འགོ་བཙུགས་པ་ཡིན་ཞིང༌། རེས་གཟའ་སྤེན་པའི་ཉིན་གྲོང་ཁྱེར་Jodhpur དུ་འབྱོར་བའི་སྐབས། འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཚོས་སྣེ་ལེན་ཞུས་པ་མ་ཟད། ཁོང་གིས་སྤེལ་བཞིན་པའི་བོད་དོན་ལས་འགུལ་དེར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་པའི་སྐོར་གསུང་ཡོད་པ་རེད། ཤེས་རབ་ཚེ་བརྟན་ལགས་ཀྱིས་བོད་ནང་གི་ཡ་ང་བའི་གནས་སྟངས་དང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་ན་ནིང་༢༠༡༡ ལོའི་ཕྱི་ཟླ་བཅིུག་པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་མིའི་གཞུང་ཚབ་ཁང་གི་མདུན་དུ་རང་ལུས་མེར་སྲེག་གཏོང་ཐབས་བྱས་ཏེ་རྐང་པར་མེ་སྐྱོན་ཚབས་ཆེན་ཕོག་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎