གཙོད་ས་ཁུལ་གྱི་ས་གནས་བོད་མིས་གདུང་སེམས་མཉམ་བསྐྱེད།
2012.10.15
བོད་ནས་འདི་གའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། བོད་མདོ་སྨད་ཀན་ལྷོ་ཁུལ་གྱི་གཙོད་གྲོང་ཁྱེར་གྱི་དགོན་པའི་ཉེ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེགས་བཏང་ནས་འདས་གྲོངས་སུ་ཕྱིན་པའི་རྟ་མགྲིན་རྗོ་རྗེ་དམ་པ་དེ་ཉིད་ཀྱི་ཆེད་དུ་ས་གནས་སུ་རྒྱ་གཞུང་གིས་དམ་དྲགས་ཤུགས་ཆེན་པོ་ཡོད་མིན་ལ་མ་བལྟོས་བར་དེ་མ་ཐག་ཁོང་གི་ཁྱིམ་ལ་དགེ་འདུན་པ་དང་ས་གནས་བོད་མི་མང་པོ་འཛོམས་ནས་འདས་ཆོས་གསུངས་བ་དང་། སྐུ་ཕུངས་ལ་མཇལ་དར་ཕུལ་བ་སོགས་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་ཏུ་འདས་པོ་དེ་ཉིད་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་དང་བསྔོ་སྨོན་གསོལ་འདེབས་སོགས་ཀྱི་བྱེད་སྒོ་སྤེལ་འདུག
རྟ་མགྲིན་རྗོ་རྗེ་ལགས་ནི་གཙོས་ཁ་སོག་ལུང་རིལ་མ་སྡེ་བ་ནས་ཡིན་པ་དང་། ཁོང་གིས་མེར་བསྲེགས་བཏང་ས་དེར་ཉེ་སྔོན་སྒྲོལ་དཀར་མཚོ་ཡིས་མེར་བསྲེགས་བཏང་ཡོད་པ་དང་། རྟ་མགྲིན་རྗོ་རྗེ་ལགས་ནི་ད་ལྟ་བར་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་དུ་སོ་སོའི་སྐུ་ལུས་མེར་བསྲེགས་གནང་མཁན་ནང་ནས་དགུང་ལོ་ཆེ་ཤེས་དེ་ཡིན་པ་མ་ཟད་། ཁོང་གི་གུང་ཐང་སྐུ་ཕྲེང་བདུན་པའི་མ་ཡུམ་གྱི་ཡབ་ཡིན་པ་རེད་འདུག