ཞི་ཅིན་ཕིན་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རེ།

ཞི་ཅིན་ཕིན་གྱིས་མ་འོངས་བར་ཁོང་གི་སྲིད་དབང་རིང་བོད་ཐོག་ཆབ་སྲིད་ལྷོད་ཡངས་གཏོང་གི་རེད་སྙམ་པའི་མངོན་དཔག་གི་རྦ་རླབས་བོད་མིའི་སྤྱི་ཚོགས་ཁྲོད་ལ་ཁྱབ་བཞིན་པ་རེད་འདུག

2012.09.26

བོད་ཀྱི་རྩ་དོན་སླད་དུ་བོད་མི་ཚོས་ད་ཕན་འཐབ་རྩོད་རྒྱུན་རིང་བྱས་ཏེ་འབྲས་བུ་སོན་མེད་རུང་རེ་བ་དང་། ཕུགས་བསམ་དེ་ནམ་ཡང་བློས་བཏང་མེད་པས་མ་ཟད་། བོད་མི་འགའ་ཞིག་གིས་རྒྱ་ནག་གི་མ་འོངས་པའི་རྒྱ་ནག་གི་འགོ་ཁྲིད་ཞི་ཅི་ཕིང་གི་ཕ་མེས་ཀྱི་རྒྱབ་ལྗོངས་ལ་བལྟ་དུས་ ཁོང་གི་སྲིད་གཞུང་སྐབས་སུ་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་གཏོང་བའི་རེ་བའི་འོད་སྣང་ཕྲན་བུ་མཐོང་གི་ཡོད་པ་རེད་

༡༩༥༠་ལོར་བོད་མིའི་དབུ་ཁྲིད་ཏླ་ལའི་བླ་མ་མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཆིབས་བསྒྱུར་གནང་བའི་སྐབས་སུ་ཞི་ཅི་ཕིང་གི་ཡབ་ཞི་ཀྲུང་ཞུན་མཇལ་འཕྲད་བྱུང་ཡོད་པ་རེད། སྐབས་དེར་ཁོང་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་། ཕྱིས་སུ་རྒྱ་ནག་གི་སྲིད་བློན་གཞོན་པ་ཆགས་ཏེ་ ཁོང་གིས་ བོད་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་ལ་ གུ་ཡངས་ཅན་གྱི་བཞེངས་ཕྱོགས་བཟུང་མཁན་ཅན་དུ་གྱུར་ཡོད་པ་རེད་། ཞི་ཅི་པིང་གི་རྒྱབ་ལྗོངས་དེ་ལ་གཞི་བཅོལ་ཏེ་ བོད་མིའི་སྲིད་སྐྱོང་བ་ བློ་བཟང་སེང་གེ་མཆོག་གིས་ཞི་ཅི་ཕིང་གི་ཡབ་ཀྱིས་བོད་ཀྱི་གནད་དོན་རྒྱུས་མངའ་ཡོག་རེད་ལ་ཁོང་གིས་གོང་ས་མཆོག་ཀྱང་མཇལ་ཡོག་རེད་། བུ་ཡིས་ཕ་ནངབཞིན་གནང་དང་ གནང་མིན་བལྟ་རྒྱུ་རེད་། ཡིན་ནའང་བོད་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁོང་ལ་རེ་བ་བྱེད་ཀྱི་ཡོད་རེད་ཅེས་བཞུགས་སྒར་རྡ་རམ་ས་ལར་ A F P གསར་ལས་ཁང་ལ་དེ་རིང་གནས་ཚུལ་སྤེལ་འདུག

རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་དང་། མནར་གཅོད་ཀྱི་རང་བཞིན་ཅན་གྱི་སྲིད་བྱུས་ལ་ གཞིས་བྱེས་བོད་མི་ཚོས་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་དང་བྱེད་མུས་ཡིན་རུང་། ཞི་ཅི་ཕིང་གིས་བོད་ཐོག་སྲིད་བྱུས་འགྱུར་བ་གཏོང་གི་རེད་སྙམ་པའི་རེ་བའི་འོད་སྣང་དང་ མངོན་དཔག་གི་་རྦ་རླབས་ཤིག་ཁྱབ་བརྡལ་འགྲོ་གི་ཡོད་ལུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎