རྒྱལ་སྤྱིའི་བོད་དོན་ཚོགས་ཆེན་བསྐོང་དགོས།

ཨ་མི་རི་ཀ་གཞུང་གིས་རྒྱལ་སྤྱིའི་བོད་དོན་ཚོགས་ཆེན་བསྐོང་དགོས་པ་ཨ་རིའི་གྲོས་ཚོཌ་ཀྱི་འཐུས་མིས་དགོངས་འཆར་བཏོན་ཡོད་པ་རེད་འདུག

2012.08.14

གནས་ཚུལ་ལྟར། ཨ་རི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་བསླབ་པ་རྒན་པའི་འཐུས་མི་ཧྥི་རན་ཁི་བོ་ཧྥི་དང་དམངས་གཙོ་ཚོགས་པའི་འཐུས་མི་ཇེམ་སི་མེ་ཁི་གྷ་བེན་གཉིས་ཀྱིས་ཨ་རི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལིན་ཊིན་ལ་ཕྱག་ཡིག་ཕུལ་ནས། ཨ་རི་གཞུང་གིས་རྒྱལ་སྤྱིའི་བོད་དོན་ཚོགས་ཆེན་བསྐོང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་ཀྱི་གནས་སྟངས་ཐད་སེམས་ཁུར་བཅངས་པའི་རྣམ་པ་མཚོན་དགོས་ཞེས་དགོངས་འཆར་བཏོན་འདུག

འཐུས་མི་རྣམ་གཉིས་ཀྱི་ཕྱག་ཡིག་ཏུ།   ང་ཚོས་དེ་བས་ཀྱང་མངོན་གསལ་དོད་པོ། ཡོངས་ཁྱབ་དང་མཐུན་འགྲིག་གི་ཕྱི་འབྲེལ་ངེས་པར་དུ་འཛིན་དགོས་ལ། དེ་ལྟར་གནང་ན་ད་བཟོད་རྒྱ་ནག་གཞུང་གིས་གནོན་ཤུགས་ཤིག་ཚོར་ངེས་པས་རང་གི་བྱ་སྤྱོད་རིགས་འགྱུར་བ་གཏོང་སྲིད་པ་རེད་ཅེས་བཀོད་འདུག

དེ་མིན་ཕྱག་ཡིག་ཏུ་ཨ་རི་གཞུང་གིས་རྒྱལ་སྤྱིའི་བོད་དོན་ཚོགས་ཆེན་འདུ་བསྐོང་དང་། ཡང་ན་ཨ་རི་དང་ལྟ་བ་མཐུན་པའི་རྒྱལ་ཁབ་དང་མཉམ་དུ་དུས་ཚོད་ངེས་གཏན་ཅན་གྱི་གྲོས་མོལ་ཚོགས་འདུ་ཚོགས་རྒྱུ། འབྱུང་འགྱུར་ཕྱི་ཟླ་དགུ་བར་ཚོགས་རྒྱུའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་སྟབས་བསྟུན་གྱིས་རྒྱལ་ཁབ་དེ་དག་དང་མཉམ་དུ་བོད་དོན་འབྲེལ་མཐུད་ཚོགས་ཆུང་ཞིག་འཛུགས་རྒྱུར་སྐུལ་འདེད་བྱ་དགོས་བཅས་སོགས་བཀོད་འདུག ད་དུང་འཐུས་མི་རྣམ་གཉིས་ཀྱི་ཕྱག་ཡིག་ཏུ་བོད་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་གདོན་མི་ཟ་ཞེས་ཀྱང་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎