ཆོས་དད་རང་དབང་ཡོད་མེད་ཞིབ་འཇུག་སྙན་ཐོ།
2012.07.31
བར་ལམ་དཀྱིལ་ཤར་ཡུལ་གྲུ་དང་ཨ་རབ་ཡུལ་གྲུའི་ནང་གི་མི་དམངས་ཀྱིས། སོ་སོའི་རྒྱལ་ཁབ་ཀྱི་སྲིད་དབང་དུས་ཡུན་རིང་པོ་དབང་བསྒྱུར་བྱེད་མཁན་མི་གཅིག་དབང་འཛིན་པ་ཚོའི་སྲིད་དབང་མི་དམངས་ལ་རྩིས་སྤྲོད་དགོས་པ་དང༌། རྒྱལ་ཁབ་ཀྱི་སྲིད་དབང་དམངས་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་གནས་ཚུལ་དེ་བྱུང་བའི་རྗེས། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཛམ་གླིང་གི་ཆོས་དད་རང་དབང་ཐོག་ལ་ཞིབ་འཇུག་གི་སྙན་ཐོ་འདོན་སྤེལ་གནང་བ་ཐེངས་དང་པོ་ཡིན་པ་མ་ཟད། དེའི་ནང་དུ་བོད་ནང་དུ་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་སྐོར་ཡང་གསལ་སྟོན་གནང་སྟེ། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང༌། བོད་མི་གནས་སྡོད་བྱེད་ཡུལ་ཁག་དུ་ཆོས་དད་རང་དབང་ཐོག་ལ་རྡུང་རྡེག་དང་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་ཡོད་ལ། ལྷག་དོན་བོད་ཀྱི་དགོན་སྡེ་དང་བཙུན་དགོན་ཁག་ཏུ་དམིགས་བསལ་གྱིས་ཆོས་དད་རང་དབང་ཐོག་ལ་དམ་བསྒྲཌ་སྔར་བས་ཤུགས་ཆེ་རུ་བཏང་བ་སོགས་ཀྱིས་རྐྱེན་པས། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ། རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་རིམ་པ་བྱུང་ཡོད་ཅེས་དང༌། ཡང་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེའི་ཁག་ནང་དུ་དགེ་བཙུན་ཚོའི་ཉིན་རེའི་ཆོས་ཕྱོགས་བསླབ་པ་སློབ་གཉེར་དང༌། དགོན་པའི་འཛིན་སྐྱོང་གི་ལས་དོན་ཐོག་ལ་སྔར་མེད་ཀྱི་ཐེ་ཇུས་བྱེད་པ་མ་ཟད། བར་ལམ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་རིམ་པ་བྱུང་ཡུལ་བོད་མདོ་སྨད་ཨ་མདོ་རྔ་པ་ཀིརྟི་དགོན་པར་དམ་བསྒྲཌ་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་དང༌། གཞན་ཡང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སོགས་དུས་ཆེན་སྐབས་ལ་དམིགས་བསལ་གྱིས་བོད་མིའི་ཐོག་དམ་བསྒྲཌ་ཆེ་རུ་བཏང་གི་ཡོད་པའི་གནས་ཚུལ་སོགས་བཀོད་དེ། རྒྱ་ནག་གཞུང་གིས། བོད་མི་ཚོར་ཆོས་དད་རང་དབང་དང༌། རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་དང༌། བོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་གི་སྐུ་ཚབ་ཀྱི་ལྷན་དུ་གང་མགྱོགས་གྲོས་མོལ་འགོ་འཛུཌ་བྱ་དགོས་པའི་རེ་འདུན་ཡང་གནང་ཡོད་པ་རེད།