འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།


2013.04.23
འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།
ཨ་རིའི་གཞུང་འབྲེལ་དྲ་གནས་ལས་བཏུས།

༄༅།    །ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ John Kerry མཆོག་གི་མཚན་ཐོག་ནས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་འབྲེལ་བའི་ལོ་འཁོར་གྱི་སྙན་ཐོ་དེ་རེས་གཟའ་སྤེན་པའི་ཉིན་འགྲེམས་སྤེལ་གནང་ཡོད་པ་རེད། ཨ་རིའི་ཕྱི་ལོ་ ༢༠༡༢ ལོའི་སྙན་ཐོ་དེའི་ནང་བོད་ནང་དྲག་སྣོན་དང་འགྲོ་བ་མིའི་ཐོབ་ཐང་ཆེས་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསལ་པོར་བཀོད་ཡོད་པ་རེད།
སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་གི་མིང་ཐོག་ནས་བོད་མིའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་ཆེས་དྲག་གནོན་བྱེད་པའི་སྲིད་བྱུས་ལག་བསྟར་བྱས་ཡོད་པས་མ་ཟད། བོད་མི་ཚོའི་སྨྲ་བརྗོད་རང་དབང་དང། ཆོས་ལུགས། འདུ་འཛོམས། འགྲོ་འོང་གི་རང་དབང་སོགས་སྤྱི་དམངས་ཐོབ་ཐང་ཐད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་བཀོད་འདུག ལྷག་པར་དུ་སྙན་ཐོ་དེའི་ནང་། བོད་མིའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུས་ཁག་ནི།    བོད་མི་ཚོ་དཔལ་འབྱོར་ཁེ་ཕན་ལས་དོན་ཁག་ནས་ཟུར་འབུད་བྱས་པ་དང། ཤེས་ཡོན་དང་ལས་རིགས་ཀྱི་ཐོག་ནས་དབྱེ་འབྱེད་བྱེད་བཞིན་ཡོད་པར་སེམས་འཚབ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་གསུངས་འདུག
དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བཏོན་པའི་ལོ་རེའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༡༢ ལོ་གཅིག་པུའི་ནང་བོད་མི་ ༨༣ གྱིས་རང་ལུས་མེར་བསྲེགས་བཏང་པ་དང་། སོན་པོར་གནས་པའི་མེར་བསྲེགས་བཏང་མཁན་གྱི་མི་དེ་དག་དང་། རང་ལུས་མེར་བསྲེགས་བཏང་མཁན་གྱི་ནང་མི་ཚོའི་ཐོག་དམ་བསྒྲགས་སུན་གཙེར་བཟོས་པ་སོགས་ཀྱི་གནས་ཚུལ་གསལ་བཀོད་གནང་ཡོད་པས་མ་ཟད། འདས་པའི་ལོ་གཅིག་གི་དུས་ཡུན་དེའི་རིང་རྒྱ་ནག་གཞུང་གིས་བོད་མི་ཁྲིམས་འགལ་གྱི་ཐོག་ནས་དམར་བསད་བཏང་བ་དང་། གང་བྱུང་འཛིན་བཟུང་བྱས་པ། རྡུང་རྡེག་ཉེས་ཆད་བཏང་བ། ཁྲིམས་འགལ་གྱི་ཐོག་ནས་འཇུ་བཟུང་བཙོན་བཅུག་བྱས་པ་དང་། བཟང་བཙོན་འོག་བཞག་པའི་གནས་ཚུལ་ཞིབ་ཕྲ་བཀོད་སྤེལ་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎