བལ་ཡུལ་གྱི་བོད་མི་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་ལ་བསྔགས་བརྗོད།

བལ་ཡུལ་གཞུང་གིས་ཡུལ་དེའི་ནང་གི་བོད་མི་སྐྱབས་བཅོལ་བ་ཚོ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་ལ་བལ་ཡུལ་ནང་འབྱོར་བའི་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་མཆོག་གིས་བསྔགས་བརྗོད་གནང་འདུག

2012.09.12

བལ་ཡུལ་ལ་འབྱོར་བའི་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགསRobert O Blake མཆོག་གིས་གསར་འགོད་པ་ཚོར། ང་ཚོ་ཨ་མེ་རི་ཀས་མི་མང་གཞན་དང་མཚུངས་པར་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཆེ་མཐོང་ལྡན་པ་དང་། དོན་ཕན་ལྡན་པའི་མི་ཚེ་སྐྱེལ་འཇུག་དགོས་བར་དོ་སྣང་བྱེད་ཀྱི་ཡོད། བོད་མི་སྐྱབས་བཅོལ་བ་རྣམས་རང་དབང་ཐོག་ནས་འགྲོ་འོང་ཆོག་པ་དང་། ལས་ཀ་བྱེད་ཆོག་པའི་ཐོབ་ཐང་སྤྲོད་དགོས་སྐོར་ནན་བརྗོད་གནང་འདུག  ད་དུང་འདས་པའི་ལོ་༥༠་ལྷག་རིང་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་མགྲོན་བདག་བྱས་པ་དང་། དེ་སྔ་Gentlemen’s agreement ཞེས་བལ་ཡུལ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་གཉིས་དབར་བཞག་པའི་གྲོས་མཐུན་ལ་བལ་ཡུལ་གཞུང་གིས་གུས་བརྩི་ཞུས་པའི་ཟིན་ཐོ་ཡག་པོ་ཡོད་སྐོར་གསུངས་པ་མ་ཟད་། བལ་ཡུལ་གཞུང་གིས་བོད་ནས་གསར་དུ་ཕེབས་སྟེ་བལ་ཡུལ་བརྒྱུད་རྒྱ་གར་ལ་བསྐྱོད་མཁན་དང་། བལ་ཡུལ་ནང་རྒྱུན་རིང་ཙམ་སྡོད་མཁན་བོད་མི་སྐྱབས་བཅོལ་བ་རྣམས་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་ལ་བསྔཌ་བརྗོད་ཡོད་པ་བཤད་འདུག དེ་སྔ་ཟླ་༤་པའི་ནང་ཆབ་སྲིད་ཀྱི་གནད་དོན་ཐད་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་Wendy Shermanམཆོག་བལ་ཡུལ་ནང་གཟིཌ་སྐོར་ཕེབས་སྐབས་ཀྱང་བལ་ཡུལ་གཞུང་གིས་ཡུལ་དེའི་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོར་ཤེས་ཡོན་དང་འཕྲོད་བསྟེན་སོཌ་གཞི་རྩའི་ཆ་རྐྱེན་མཁོ་སྤྲོད་གནང་ཐོག་བོད་མི་རྣམས་ཆེ་མཐོང་ལྡན་པའི་ཐོག་གནས་ཐུབ་པའི་ཁོར་ཡུག་བསྐྲུན་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎