དུས་བཟང་གི་ལྷ་ས་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་བ།

རྒྱ་རིགས་རྩོམ་པ་པོ་ཀྲུའུ་རུད་ཞུ་བས་རྩོམ་བྲིས་གནང་བའི་དུས་བཟང་གི་ལྷ་ས་ཞེས་པའི་དཔེ་དེབ་དེ་བཞིན་དབུ་འབྱེད་གནང་ཡོད་པའི་སྐོར།

2011.03.25

༄༅༎རྒྱ་རིགས་རྩོམ་པ་པོ་ཀྲུའུ་རུད་ཞུ་བས་རྩོམ་བྲིས་གནང་བའི་དུས་བཟང་གི་ལྷ་ས་ཞེས་པའི་དཔེ་དེབ་དེ་བཞིན་དེ་རིང་ཕྱི་ཚེས་༢༥ ཉིན་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་རྩོམ་བྲིས་པ་ཁོང་མཉམ་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་དབུ་འབྱེད་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

གསར་འགོད་ལྷན་ཚོགས་དེའི་ཐོག་རྩོམ་བྲིས་པ་ཁོང་གིས་དེབ་དེའི་ནང་དོན་ངོ་སྤྲོད་གནང་བར་གཞིགས་ན། དེ་སྔ་ཁོང་ཆུང་དུས་སྐབས་རྒྱ་ནག་གཞུང་གིས་བོད་དེ་དེ་སྔ་ཆེས་མུན་ནག་དང་ཆེས་གདུག་རྩུབ། ཆེས་ཀླ་ཀློ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་ཡིན་པའི་སྐོར་དྲིལ་བསྒྲགས་བྱས་པ་ཡང་སེ་ཐོས་མྱོང་བ་མ་ཟད། དེའི་ནང་ནས་བོད་ཀྱི་སྐུ་དྲག་གི་རྒྱུད་པ་ནི་ཆེས་གདུག་རྩུབ་ཅན་ཞིག་ཡིན་པ་སློབ་གསོ་དང་དྲིལ་བསྒྲགས་བྱས་ཡོད། ཕྱིས་སུ་ཁོང་དངོས་སུ་བོད་དུ་བསྐྱོད་དེ་བོད་པའི་འཚོ་བའི་ནང་བཞུགས་ཏེ། བོད་ཀྱི་སྐུ་དྲག་མང་པོ་ཞིག་དང་འབྲེལ་བཏུགས་བྱེད་སྐབས། བོད་ཀྱི་སྐུ་དྲག་ནི་བོད་ཀྱི་རིག་གཞུང་གི་མཚོན་དོན་ཞིག་ཡིན་པ་དང༌། བོད་ཀྱི་སྐུ་དྲག་གི་བརྒྱུད་རིམ་དེ་ཡིས་སྤྱི་ཚོགས་ཞི་བདེ་དང་ལྷིང་འཇགས། བྱམས་བརྩེ་ལྡན་པ་ཞིག་མཚོན་པར་བྱས་ཡོད། རྒྱ་ནག་ནང་ཁྲིམས་འགལ་གྱིས་མི་ཕྱུག་པོ་ཆགས་པ་དང༌། ལོ་ངོ་སྟོང་ཕྲག་མང་པོའི་རིང་གཞུང་དང་མི་དམངས་བར་མཐུན་སྒྲིལ་མེད་པར་སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་རྩ་བ་ནས་ཡོང་གི་མེད། ཁོང་གི་དེབ་དེའི་ནང་དོན་གཙོ་བོ་ནི། ༡༨༨༠ནས་༡༩༦༠བར་གྱི་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་འཚོ་བའི་ལོ་རྒྱུས་བྲིས་ཡོད་པ་དང༌། དེབ་དེའི་ནང་གི་ལོ་རྒྱུས་དང་སྒྲུང་གཏམ། མི་སྣ་བཅས་ཚང་མ་ངོ་མ་ཡིན་པ་ལས་རྩོམ་པ་པོའི་འཆར་སྣང་གི་བྲིས་པ་ཞིག་མིན། དེ་རེས་རྡ་རམ་ས་ལར་བཅར་དགོས་པའི་རྒྱུ་མཚན་གཅིག་ནི། རྒྱ་མི་རིགས་གཅིག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་དེབ་རྩོམ་བྲིས་བྱས་པ་མ་ཟད། བོད་དུ་བཞུགས་པའི་ལྷ་ཀླུའི་ལྕམ་དབྱངས་འཛོམས་ཚེ་རིང་ལགས་ཀྱི་ལོ་རྒྱུས་དངོས་ཡོད་རྩོམ་བྲིས་དང། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང༌། བཟང་སྤྱོད་དང་ལྡན་པའི་ཉིན་རེའི་འཚོ་བའི་ལོ་རྒྱུས་སོགས་གནའ་སྔ་མོའི་བོད་ཀྱི་གནས་ཚུལ་དངོས་ཡོད་རྣམས་བཀོད་ཡོད་པ་ར་སྤྲོད་གནང་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།  བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་མཆོག་གི་གསུང་བཤད་ནང༌། མི་ལོ་ལྔ་བཅུ་ལྷག་ཙམ་རིང་ལ་བོད་མི་རྣམས་ཉིན་རེའི་མི་ཚེ་དེ་འཇིགས་སྣང་དང་དངངས་སྐྲག་འོག་བསྐྱལ་དགོས་པའི་དུས་ཚོད་དེ་འདྲ་ཞིག་ལ་རྒྱ་མི་རིགས་བེུད་ཞིག་ཅིས་བོད་པའི་དངོས་ཡོད་གནས་སྟངས་དཔེ་དེབ་ཀྱི་ལམ་ནས་རྒྱལ་སྤྱིའི་ནང་ར་སྤྲོད་གནང་བར་སྔགས་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎