བཙན་བྱོལ་བོད་གཞུང་གི་དབྱིན་ཡུལ་དོན་གཅོད་གསར་རྙིང༌།

བཙན་བྱོལ་བོད་གཞུང་གི་དབྱིན་ཡུལ་དོན་གཅོད་གསར་རྙིང་གི་ཕེབས་བསུ་དང་དགའ་སྐྱེལ་གྱི་མཛད་སྒོ་ཞིག་ཚུགས་གནང་ཡོད་འདུག

2009.08.20

༄༅༎བཙན་བྱོལ་བོད་གཞུང་གི་དབྱིན་ཡུལ་དོན་གཅོད་གསར་རྙིང་གི་ཕེབས་བསུ་དང་དགའ་སྐྱེལ་གྱི་མཛད་སྒོ་ཞིག་ཚུགས་གནང་ཡོད་འདུག

དེ་ཡང་བོད་ཀྱི་དྲ་རྒྱིའ་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན་རེས་གཟའ་ཟླ་བའི་ཉིན་དབྱིནཡུལ་བོད་གཞུང་གི་དོན་གཅོད་ལས་ཁུངས་ནས་མཛད་སྒོ་ཞིག་གོ་བསྒྲིགས་གནང་བའི་ཐོག་ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་དང་འབྲེལ་ཡོད་དབྱིན་ཡུལ་གྱི་གནད་ཡོད་མི་སྣ་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སོགས་མི་གྲངས་བརྒྱ་སྐོར་ཞིག་ཕེབས་ཡོད་པའི་ཐོག་དོན་གཅོད་གསར་པ་ཐུབ་བསྟན་བསམ་གྲུབ་ལགས་ངོ་སྤྲོད་གནང་ཡོད་འདུག དེ་དང་དུས་མཚུངས་དོན་གཅོད་ཟུར་པ་ཚེ་རིང་བཀྲིས་ལགས་ནས་མཛད་སྒོའི་ཐོག་ཁོང་རང་ཉིད་འདས་པའི་ལོ་ངོ་བརྒྱད་རིང་ཐོག་མར་དོན་གཅོད་ཁང་གི་དྲུང་ཆེའི་ཐུགས་འགན་བཞེས་ཡོད་པ་དང་དེ་ནས་འདས་པའི་ལོ་ངོ་གཉིས་ལྷག་ཙམ་རིང་སྐུ་ཚབ་དོན་གཅོད་གནང་བའི་སྐབས་ཀྱི་མྱོང་ཚོར་ཇི་བྱུང་དང་ལྷག་པར་དུ་སྔ་ལོ་བོད་ནང་དོན་རྐྱེན་བྱུང་བའི་སྐབས་དོན་གཅོད་ལས་ཁུངས་ནང་ལས་བྱེད་གཉིས་ལས་མེད་པ་དང་བོད་ནང་གི་གནས་ཚུལ་ཉིན་རེ་ཉིན་རེ་བཞིན་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་དགོས་པ་སྨོས་མེད་ཐོག་དེ་དག་གི་ཐོག་གསར་འགྱུར་བརྒྱུད་ལམ་དང་འབྲེལ་ཡོད་ཚོད་བཀའ་འདྲི་ཞུས་པའི་སྐབས་གདོང་ལེན་བྱེད་དགོས་པ་སོགས་ཛ་དྲག་གི་གནས་ཚུལ་མང་པོ་ཞིག་བྱུང་བའི་སྐབས་ལས་བྱེད་ཉུང་བས་དཀའ་ངལ་བྱུང་ཡོད་པ་སོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག་བོད་དོན་རྒྱབ་སྐྱོར་བ་དང་གཞན་ཡང་འབྲེལ་ཡོད་ཚང་མས་ཕྱོགས་གང་ས་ནས་མཐུན་འགྱུར་གནང་བའི་འབྲས་བུར་ད་བར་ཕྱག་ལས་རྒྱ་མི་ཆུང་བ་ཞིག་ཞུ་ཐུབ་ཡོད་པར་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་མ་ཟད་དོན་གཅོད་གསར་པ་མཆོག་ལའང་སྔར་བཞིན་མཐུན་འགྱུར་གནང་བའི་འབོད་སྐུལ་ཡང་གནང་ཡོད་འདུག

ཡང་སྐབས་དེར་མཛད་སྒོར་ཕེབས་མཁན་ཀྲི་བེདྲ་སོ་ས་ཡི་ཀྲི་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྙིང་ཤོས་དེའི་འགན་འཛིན་ཕི་ལི་པ་ཀེ་རིཀ་ནས་དོན་གཅོད་ཚེ་རིང་བཀྲིས་ལགས་ཀྱིས་ད་བར་ཕྱག་ལས་གནང་ཕྱོགས་ལ་ཆེ་བསྟོད་ཞུས་པ་དང་སྦྲགས་དོན་གཅོད་གསར་པའི་མཉམ་མུ་མཐུད་ནས་ལས་དོན་མཉམ་རུབ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་འདུག དེ་བཞིན་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྤེན་པ་པ་སངས་ལགས་ནས་ཀྱང་ཚེ་རིང་བཀྲིས་ལགས་ནས་ས་གནས་བོད་མི་ཚོའི་མཉམ་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་གནང་བ་སོགས་ཀྱིས་ལམ་ནས་དོན་གཅོད་གསར་རྙིང་རྣམས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་བའི་ཐོག་ནས་མཛད་སྒོ་མཇུག་བསྡོམས་གནང་ཡོད་པའི་གནས་ཚུལ་འདུག དོན་གཅོད་གསར་པ་ཐུབ་བསྟན་བསམ་གྲུབ་ལགས་ནི་ཁེ་ན་དྲའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པ་དང་དེ་སྔ་བྱང་ཨ་རིའི་སྤྱི་འཐུས་ཀྱང་གནང་ཡོད་པའི་ཉམས་མྱོང་ལྡན་པའི་མི་སྣ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎