ལྕམ་ནེན་སི་པེ་ལོ་སིས་དབུ་ཁྲིད་པའི་སྐུ་ཚབ་བཞུགས་སྒར་དུ་ཕེབས་རྒྱུ།


2017.04.29
ལྕམ་ནེན་སི་པེ་ལོ་སིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུཊ་སྒར་དུ་ཕེབས་རྒྱུ། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ ནེན་སི་ པེ་ལོ་སི་མཆོག
བི་ཀི་པི་ཌི་ཡ།

༄༅། །རིང་མིན་ཕྱི་ཟླ་ ༥ ཚེས་ ༩ དང་ ༡༠ ཉིན་གྲངས་གཉིས་རིང་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ ནེན་སི་ པེ་ལོ་སིས་དབུ་ཁྲིད་པའི་མི་སྣ་ ༢༩ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་བོད་དོན་རྒྱབ་སྐྱོར་མཚོན་ཆེད་ཕེབས་རྒྱུ་ཡིན་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༥ ཚེས་ ༡༠ སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག། དབུས་བོད་མིའི་སྒྲིག་འཛུགས་དང་མི་དམངས་ནས་སྐུ་ཚབ་རྣམ་པར་དགའ་བསུའི་མཛད་སྒོ་ཞིག་བསྐོང་ཚོགས་གནང་རྒྱུ་ཡིན་འདུག
ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་སྐབས། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཞིང་། སྐབས་དེར་བོད་ས་ཁྱོན་ཡོངས་ཀྱི་ནང་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་བ་དང་དུས་མཉམ་དུ་འཁེལ་ཡོད་པ་རེད། ཁོང་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་དེ་ནི། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལས་ཐོག་པ་ཞིག་རྡ་རམ་ས་ལར་ཕེབས་པ་ཐོག་མ་དེ་ཡིན་པ་རེད།
ལྕམ་ནེན་སི་པེ་ལོ་སི་མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། རྒྱུན་རིང་བོད་དོན་ཐད་རྒྱབ་སྐྱོར་དང་ཐུགས་འཁུར་བཞེས་མཁན་ཞིག་ཡིན་ཞིང་། ཁོང་དང་གྲོས་ཚོགས་ཀྱི་འཐུས་མི་གཞན་ཁག་གཅིག་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༡ ནང་བོད་ཀྱི་རྒྱལ་ས་ལྷ་སར་ཆེད་ཕེབས་གནང་ཡོད་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎