བོད་ནང་ཕར་འགྲོ་ཚུར་ཡོང་འདྲ་མཉམ་གྱི་གྲོས་འཆར་གཏན་འབེབས་གནང་འདུག


2018.09.26
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་། ༢༠༡༨།༩།༢༥ ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་། ༢༠༡༨།༩།༢༥
JM/youtube

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་བགྲོ་གླེང་རིམ་པ་བྱས་མཐར་བོད་ནང་ཕར་འགྲོ་ཚུར་ཡོང་རང་དབང་འདྲ་མཉམ་གྱི་གྲོས་འཆར་གཏན་འབེབས་གནང་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་བའི་ཁྲིམས་འཆར་(Reciprocal Access to Tibet Act)ཞེས་རྒྱ་གཞུང་ནས་ཨ་མི་རི་ཀའི་མི་སེར་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་བཞིན་ཕར་དེ་ལྟར་རྒྱ་ནག་གི་འབྲེལ་ཡོད་རྣམས་ལ་བཀག་སྡོམ་གནང་རྒྱུ་ཡིན་པའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ཡོད་པ་རེད།
དེ་ཡང་འདི་ལོ་ཕྱི་ཟླ་༧པའི་ཚེས་༢༥ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམ་ནས་གྲོས་བསྡུར་བགྲོ་གླེང་གནང་པའི་རྗེས་སུ། ཚོགས་ཆུང་གི་ངོས་ནས་བོད་དོན་ཁྲིམས་ཆར་ལ་རྒྱབ་སྐྱོར་གྱི་བཀའ་ཁྲོལ་གནང་ཡོད་པ་དང་། འདི་ཚེས་༢༥ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དགུ་པ་ཙམ་གྱི་ཐོག་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེར་བགྲོ་གླེང་གནང་པ་བརྒྱུད་ཁྲིམས་འཆར་གཏན་འབེབས་གནང་བ་རེད།
ཁྲིམས་འཆར་བཏོན་མཁན་གྲོས་ཚོགས་འཐུས་མི་ ཇིམ་མེཀྒོ་ཝན་མཆོག་གིས། དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་ཆེད་རླབས་ཆེན་གྱི་ཉི་མ་ཞིག་རེད། རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེར་ཨ་མི་རི་ཀས་གདོང་ལེན་མཇུག་སྐྱོང་གནང་དགོས་ཀྱི་རེད། ཁྲིམས་འཆར་འདིའི་ཐོག་ནས་ང་ཚོས་བོད་མིའི་ཚབ་བྱས་ནས་མདུན་བསྐྱོད་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ལ་རྒྱབ་སྐྱོར་གནང་བ་མ་ཟད། རྒྱ་ནག་གཞུང་ལའང་འགྲོ་བ་མིའི་ཐོབ་ཐང་ཐད་བརྡ་ལན་བཏང་ཡོད་ཅེས་དང་། བོད་རང་བཙན་སློབ་ཕྲུག་ཚོཊ་པ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ལྟ་རྟོཊ་ཚོཊ་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོཊ་པ་ཁག་གིས་ཁྲིམས་འཆར་འདིའི་ཐོག་མཐུན་འགྱུར་གནང་བར་བསྟགས་བརྗོད་གནང་འདུག
ཁྲིམས་བཟོ་བ་ཨི་ལི་ཎི་ཡ་ རོ་སེ་ ལེ་ཊི་ནེན་(Ileana Ros-Lehtimen) གྱིས་ཕར་འགྲོ་ཚུང་འོང་འདྲ་མཉམ་གྱི་ཁྲིམས་འཆར་འདིས་བོད་མི་ཚོར་རྒྱབ་སྐྱོར་དང་རྒྱ་ནག་གིས་ཨ་རིའི་ཐོག་འཁོན་འཛིན་གྱི་སྡང་སེམས་སེལ་རྒྱུ་ཕན་གྱི་རེད་ཅེས་གསུངས་གནང་འདུག
ཁྲིམས་བཟོ་བ་མརྐོ་ རུ་བྭིའོ་(MarcoRubio) མཆོག་གིས། གྲོས་ཚོཊ་ཀྱིས་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་གྲོས་འཆར་གཏན་འབེབས་བྱུང་བ་ཊུའི་ཊརབརྒྱུད་དགའ་བསུ་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ མེ་ཏིའོ་ མ་ཀ་ཅི་(Mateeo Mecacci)ལཊ་ཀྱིས་ཨ་རིའི་གྲོས་ཚོཌ་ཀྱིས་གོང་ཞུས་ཁྲིམས་འཆར་ལ་བཀའ་འཁྲོལ་ཐོབ་པ་དེས་རྒྱ་ནག་གི་བོད་མིར་གདུག་རྩུབ་དྲག་གནོན་བྱེད་བཞིན་པའི་ཐད་ཨ་རིའི་གྲོས་ཚོཊ་ཀྱིས་གདུང་སེམས་མཉམ་བསྐྱེད་གནང་བཞིན་པ་མཚོན་གྱི་ཡོད་པ་དང་། རྒྱ་ནག་གཞུང་ནས་བོད་དེ་ཕྱིའི་རྒྱལ་ཁབ་ཁག་ལ་བཀག་སྡོམ་མེད་པའི་ཐོག་ནས་སྒོ་ཕྱེ་རྒྱུར་གནོན་ཤུགས་སྤྲད་པ་ཞིག་ཡིན་ཞེས་དང་། རྒྱ་ནག་གི་བོད་སྐོར་དྲིལ་བསྒྲགས་བྱེད་བཞིན་པ་དེ་སྟོང་བཤད་ཡིན་པ་གསལ་པོ་ཆགས་ཡོད་ཅེས་གསུངས་འདུག
ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོས་ད་རེས་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱུང་བ་ཞིག་ཡིན་དུས་ད་དུང་གྲོས་ཚོགས་གོང་མའི་ནང་དེ་ལྟར་གཏན་འབེབས་གནང་ཐུབ་རྒྱུའི་ཐོག་ལ་ང་ཚོས་དོ་སྣང་དང་མཐུན་འགྱུར་རྒྱབ་སྐྱོར་གནང་དགོས་བའི་འབོད་སྐུལ་གནང་འདུག
ཁྲིམས་འཆར་དེ་གཙོ་བོ་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། གཞུང་འབྲེལ་མིན་པའི་ཚོགས་སྡེ་བཅས་བོད་མི་ཐེ་བའི་ཨ་རིའི་མི་སེར་ཡོངས་ཀྱི་ཆེད་དུ་ཡིན་པ་དང་། ཁྲིམས་འཆར་ནང་གསལ་བ་ལྟར། རྒྱ་ནག་གི་མི་སེར་ཨ་རིའི་ནང་ཡོང་རྒྱུར་བཀག་འགོག་གང་ཡང་མེད་པ་ལྟར་བོད་ནང་ཡང་ཕར་འགྲོ་ཚུར་ཡོང་རང་དབང་དང་འདྲ་མཉམ་དགོས་པ་དང་། ཨ་རིའི་མི་སེར་རྣམས་བོད་ནང་འགྲོ་བསྐྱོད་ནཀག་འགོག་བྱེད་མཁན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དེ་དག་ཨ་རིའི་ནང་ཡོང་ཆོག་པའི་ཆོག་མཆན་ཡང་བཀག་འགོག་བྱེད་རྒྱུ་ཡིན་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎