ཨེ་ཤེ་ཡའི་ནང་གསར་འགོད་པར་དྲག་ཤུགས་འཇིགས་སྐུལ་ཉེས་མེད་ཉེས་བཙུག་བྱས་ནས་ཁྲིམས་ཐོག་ནས་དཀའ་ངལ་མང་དུ་འགྲོ་བཞིན་པ།

2024.11.02
ཨེ་ཤེ་ཡའི་ནང་གསར་འགོད་པར་དྲག་ཤུགས་འཇིགས་སྐུལ་ཉེས་མེད་ཉེས་བཙུག་བྱས་ནས་ཁྲིམས་ཐོག་ནས་དཀའ་ངལ་མང་དུ་འགྲོ་བཞིན་པ།
Photo: RFA

ཨེ་ཤེ་ཡའི་ནང་གསར་འགོད་པར་དྲག་ཤུགས་འཇིགས་སྐུལ་ཉེས་མེད་ཉེས་བཙུག་བྱས་ནས་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་པའི་གནད་དོན་ སོགས་ཧ་ཅང་མང་དུ་འགྲོ་བཞིན་ཡིན་འདུག དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ ཀྱིས་གསར་འགོད་པར་བསུན་བརྩིར་དང་ འཇིགས་སྐུལ་བྱ་རྒྱུ་སོགས་མཇུག་ སྒྲིལ་དགོས་པའི་ཉིན་མོ་ཐོག་མར་འགོ་འཛུགས་གནང་བའི་ལོ་བཅུའི་ནང་ འཛམ་གླིང་ཡོངས་སུ་གསར་འགོད་པ་༨༠༠ལྷག་རྐྱེན་འདས་སུ་བཏང་ཡོད་པ་ དང་ དེ་ལས་མང་བ་ཞིག་ལ་དྲག་ཤུགས་དང་ འཇིགས་སྐུལ། ཁྲིམས་ལུགས་ཀྱི་ གནད་དོན་ཐོག་ནས་དཀའ་ངལ་འཕྲད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང་ ཉེས་ཅན་པ་ཚོར་ཉེས་ཆད་མ་ཕོག་པར་ལུས་ཡོད་པ་རེད། དཔེར་ན་མ་ཡན་མར་ ནང་དམག་སར་གཞུང་གི་དམག་མི་དང་ གྱེན་ལོག་པའི་དབར་ཕན་ཚུན་ མེ་མདའ་རྒྱབ་རེས་རྩེད་སྐབས་ གསར་འགོད་པ་དཀྱིལ་དུ་ལུས་ནས་དཀའ་ངལ་ འཕྲད་པའི་གནས་ཚུལ་བྱུང་ཡོད་པ་རེད་ལ། གནས་ཚུལ་འདི་འདྲ་ནི་ཞི་བདེ་ ལྡན་པའི་རྒྱལ་ཁབ་ནང་དུའང་དངོས་གསལ་དོད་པོའི་ཐོག་ཡོང་བཞིན་ཡིན་པ་ རེད། རྒྱ་ནག་ནི་འཛམ་གླིང་ནང་ནས་གསར་འགོད་པ་མང་ཤོས་བཙོན་བཅུག་ བྱ་མཁན་རྒྱལ་ཁབ་དེ་ཡིན་པ་དང་། ཁམ་བྷོ་ཌི་ཡའི་ནང་ གསར་འགོད་པས་ ནོར་འཁྲུལ་ཐེར་འདོན་བྱ་རྒྱུའི་འབད་བརྩོན་བྱས་པར་རྒོལ་རྡུང་བཏང་བ་དང་། འབེ་ཡེ་ཏེ་ནམ་ནང་བརྙན་ཐུང་བཟོ་མཁན་གྱིས་ལྐོག་བཟའི་གནས་ཚུལ་སྤེལ་ བར་འཁོན་ལན་དུ་ལོ་ངོ་༡༢ཀྱི་བཙོན་བཅུག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་ གཞི་བྱས་པའི་གསར་འགོད་རང་དབང་དགེ་རྩ་ཚོགས་པའི་ཚོགས་ཆུང་གིས་ ལོ་རེའི་ཉེས་ཆད་ཆག་ཡང་གཏོང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཨེ་ཤེ་ཡའི་ས་ཁུལ་ནི་འཚབ་ཆེ་ཤོས་ཡིན་པ་དང་། གསར་འགོད་པ་བསད་མཁན་ལ་ཉེས་ཆད་མ་ཕོག་པའི་རྒྱལ་ཁབ་ནང་ནས་ཕི་ལི་པིན་དང་འབར་མ་གཉིས་ནི་ ཨང་དགུ་དང་བཅུ་པ་ཆགས་ཡོད་འདུག འདས་པའི་ལོའི་ནང་ ཨེ་ཤེ་ཡ་རང་ དབང་རླུང་འཕྲིན་ཁང་དང་ དཔེ་སྐྲུན་ཁང་BenarNews གཉིས་ཀྱིས་གསར་ འགོད་པས་རང་གི་ལས་འགན་སྒྲུབ་པར་ ཉེས་ཆད་ཕོག་པའི་གནས་ཚུལ་མང་པོ་ ཞིག་སྤེལ་ཡོད་ལ། གསར་འགོད་པ་འགའ་ཤས་ལ་རྒོལ་རྡུར་བཏང་བ་དང་། གཅིག་བཙན་ཁྲིད་བྱས་པ་དང་། འགའ་ཤས་ལ་བཙོན་བཅུག་ཁྲིམས་ཐག་བཅད་ པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ།  ཚེ་དབང་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎