ཨ་རིའི་གློག་བརྙན་འཁྲབ་མཁན་སོ་ཀྲོན་གྱིས་རྒྱ་ནག་ལ་དགོངས་སེལ་ཞུས་སྐོར།

ཤེ་རོན་སོ་ཀྲོན་ནས་ཉེ་ཆར་རྒྱ་ནག་ནང་ས་ཡོམ་གྱི་དོན་རྐྱེན་དེ་བཞིན་ལས་ངན་འབྲས་བུ་སྨིན་པ་ཞིག་ཡིན་པའི་དགོངས་ཚུལ་གསུངས་པ་དེར་དགོངས་སེལ་ཞུས་འདུག

2008.05.29

༄༅༎ཤེ་རོན་སོ་ཀྲོན་ནས་ཉེ་ཆར་རྒྱ་ནག་ནང་ས་ཡོམ་གྱི་དོན་རྐྱེན་དེ་བཞིན་ལས་ངན་འབྲས་བུ་སྨིན་པ་ཞིག་ཡིན་པའི་དགོངས་ཚུལ་གསུངས་པ་དེར་དགོངས་སེལ་ཞུས་ཡོད་འདུག།

ཨ་མི་རི་ཀའི་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་མཁན་ཤེ་རོན་སོ་ཀྲོན་གྱིས་ཉེ་ཆར་ཀེན་སེ་གློག་བརྙན་དུས་སྟོན་ཞིག་སྐབས། ཁོང་རང་ཉིད་༸གོང་ས་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཡིན་དུས་བོད་ནང་ཉེ་ཆར་བྱུང་བའི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་བྱུང་ལ་དེ་ནི་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་ཤིག་ཀྱང་རེད། དེ་འདྲ་ཡིན་དུས་སོ་སོ་རང་ཉིད་ནས་གལ་སྲིད་ལས་ངན་པ་བསགས་པ་ཡིན་ན་དེའི་རྗེས་འབྲས་ཀྱང་ངན་པ་འཁོར་གྱི་ཡོད་པ་ལྟར་ རྒྱ་ནག་ལའང་དེ་ལྟར་བྱུང་བ་མིན་ནམ་ཞེས་དགོངས་ཚུལ་གསུངས་པ་ཞིག་ཡུ་ཀྲུབ་ཞེས་པའི་བརྒྱུད་ལམ་ནང་དྲིལ་བསྒྲགས་བྱས་ཡོད་པ་རེད། གནས་ཚུལ་དེས་རྐྱེན་པས་ཉིན་ཤས་ནས་བཟུང་རྒྱ་ནག་ནང་གློག་བརྙན་ཚོང་འགྲེམས་ཚན་པ་ཁག་ཅིག་ནས་ཤེ་རོན་ སོ་ཀྲོན་གྱི་གློག་བརྙན་འགྲེམས་སྤེལ་བྱེད་རྒྱུ་མིན་ལུགས་བཤད་པ་དང་། དེ་བཞིན་ཁོང་གི་པར་རིས་ཡོད་པའི་དྲིལ་བསྒྲགས་རིགས་ཀྱང་མཁུ་བསྡུ་བྱས་པ་སོགས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་ཡོད་པ་བཅས་ལ་བརྟེན་ད་རིང་ཁོ་མོས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་རེད། གོང་ཞུས་སྤྱི་བསྒྲགས་དེའི་ནང༌། ངས་ནོར་འཁྲུལ་གྱི་ཚིག་ཐལ་ཆ་ཕྱིན་པའི་རྐྱེན་གྱིས་རྒྱ་ནག་མི་མང་ཚོ་སེམས་འཚབ་བྱུང་བ་དེར་དགོངས་སེལ་ཞུ་རྒྱུ་ཡིན་ལ་ས་ཡོམ་གྱི་གོད་ཆགས་ཕོག་པ་ཚོར་མཐུན་འགྱུར་གང་དགོས་བྱེད་རྒྱུའི་གྲ་སྒྲིག་ཡོད་ཅེས་གསུངས་ཡོད་པ་རེད། ཡང་རྒྱ་ནག་ནང་ཡོད་པའི་ཁི་རི་སི་ཤན་ ཌི་ཡོར་ཞེས་པའི་ཚོང་དོན་ཚན་པའི་ངོས་ནས་ཀྱང་ཤེ་རོན་ སོ་ཀྲོན་གྱི་དགོངས་ཚུལ་གསུངས་པ་དེ་ནི་ནོར་འཁྲུལ་ཐལ་ཆའི་བཀའ་མོལ་ཞིག་རེད་ལ་དེར་ང་ཚོའི་ཚོང་དོན་ལས་ཁང་ནས་ངོ་རྒོལ་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། ཤེ་རོན་ སོ་ཀྲོན་ནི་པར་རིས་ཐོག་ནས་གོང་ཞུས་ཚན་པ་དེའི་དྲིལ་བསྒྲགས་བྱེད་མཁན་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎