༧གོང་ས་མཆོག་དང་རྒྱ་གར་གྱི་ཕྱོཌ་འགལ་ཚོཌ་པའི་དབུ་ཁྲིད་མཇལ་འཕྲད
2011.05.18
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྦི་ཇེ་པི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལལ་ཀི་རིཤ་ན་ཨརྡ་ལྦ་ནི་(Lal Krishna Advani)རྣམ་གཉིས་བཞུགས་སྒར་དུ་མཇལ་འཕྲད་གནང་ཡོད་འདུག
རྒྱ་གར་གྱི་སྦི་ཇེ་པི་ཚོགས་པའི་དབུ་ཁྲིད་ཨརྡ་ལྦ་ནི་མཆོག་གི་ཕེབས་རོགས་སུ་ཁོང་གི་སྲས་མོ་དང་ ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མའར་རྡུ་མལ་(Prem Kumar Dhumal)ལྷན་བཅར་ཞུས་ཡོད་པ་དང་ སྐུ་ཞབས་ཨརྡ་ལྦ་ནི་མཆོག་ནས་ ད་རེས་ཁོང་བཞུགས་སྒར་དུ་ཕེབས་དོན་ནི་ཧི་མ་ཅལ་མངའ་སྡེའི་དབྱུག་རྩལ་ལྷན་ཚོགས་ཀྱི་གདན་ཞུས་བཞིན་ཆེད་ཕེབས་གནང་བ་ཞིག་ཡིན་པ་དང་ དེའི་གོང་༧གོང་ས་མཆོག་དང་མཇལ་མོལ་གནང་བའི་སྐབས་ ཉིན་ཞིག་༧གོང་ས་མཆོག་གི་བཞུགས་ཡུལ་རྡ་རམ་ས་ལར་བཅར་གྱི་ཡིན་ཞེས་ཞུ་མྱོང་ཡོད་པ་བཞིན་ ད་རེས་དབྱུག་རྩལ་རྩེད་འགྲན་དུ་གདན་ཞུ་བྱས་པ་བཞིན་ རྩེད་འགྲན་དུ་ཕེབས་དང་ དུས་གཅིག་ཏུ་༧གོང་ས་མཆོག་ཞལ་མཇལ་དུ་བཅར་བ་ཡིན་ཞེས་གསུང་འདུག
༧གོང་ས་མཆོག་དང་མཇལ་འཕྲད་གནང་བའི་སྐབས་རྒྱ་གར་གྱི་སྦི་ཇེ་པི་ཚོགས་པའི་དབུ་ཁྲིད་ནས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་སྲིད་ཇུས་ལ་འགྱུར་ལྡོག་ཡོད་མིན་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པ་ཡིན་ ༧གོང་ས་མཆོག་གིས་ད་ལྟའི་འཆར་འགྱུར་ལྡོག་གང་ཡང་མཐོང་རྒྱུ་མེད་པ་དང་ ཡིན་ནའི་མ་འོངས་འགྱུར་ལྡོག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་བཀའ་གནང་བྱུང་ཞེས་གསར་འགོད་པར་ལན་འདེབས་གནང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་བིའི་ཇལ་བིའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་སྒྲུབ་པའི་རྗེས་ ༧གོང་ས་མཆོག་ནས་དབྱུགས་རྩེད་རྩེ་མོའི་འགྲན་རྩོད་ནང་བཞུགས་མཁན་དང་ལས་བྱེད་པ་སོགས་ལ་མཇལ་འཕྲད་གནང་ཡོད་འདུག་