དབྱིན་ཇིའི་གསར་འགོད་པ་གར་སོང་ཆ་མེད།

ཨཕ་ག་ནི་སི་ཐན་ནང་དབྱིན་ཡུལ་གྱི་གསར་འགོད་པ་ཞིག་གར་སོང་ཆ་མེད་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

2009.09.06

༄༅༎ཨཕ་ག་ནི་སི་ཐན་ནང་དབྱིན་ཡུལ་གྱི་གསར་འགོད་པ་ཞིག་གར་སོང་ཆ་མེད་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་སྤེན་པའི་ཉིན་ལྷོ་ཕྱོགས་ཀུན་དུརྫ་ཞིང་ཆེན་ནང་ཏ་ལི་སྦན་གྱེན་ལོག་པས་དབྱིན་ཇིའི་གསར་འགོད་པ་ཞིག་བཙན་བཟུང་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་ཀྱང་རེས་གཟའ་ཉི་མའི་ཉིན་ཏ་ལི་སྦན་གྱི་མགྲིན་ཚབ་པ་ཛ་བི་ཧོ་ལ་མོ་ཇ་ཧིརྡ་ཡིས་ཨཕ་ག་ནི་སི་ཐན་གྱི་ཁ་ཆེའི་གསར་ལས་ཁང་ཨིསེ་ལ་མིཀ་པེརེ་སི་ཞེས་པའི་ཐོག་གསར་འོད་དེའི་སྐོར་ད་ལྟའི་སྐབས་སུ་གནས་ཚུལ་གང་ཡང་ཤེས་རྟོག་མེད་ལུགས་འགྲེལ་བརྗོད་བྱས་ཡོད་པ་ལུང་འདྲེན་བྱས་ཡོད་འདུག ཀུན་དུརྫ་ཞིང་ཆེན་གྱི་ཆ་རྡར་རྡ་ར་རྫོང་གི་རྫོང་དཔོན་ཧ་ཇི་ཨ་བོལ་ལྦ་ཧིརྡ་ཨོ་མར་ཁེལ་ཡིས་གོང་ཞུས་ཨཕ་ག་ནི་སི་ཐན་གྱི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་བ་གཞིགས་ན་དབྱིན་ཇིའི་གསར་འགོད་པ་དེའི་མོ་ཊའི་ཁ་ལོ་པ་ཏ་ལི་སྦན་གྱི་ལག་ནས་ཐར་ཡོད་པ་དང་དོ་བདག་གི་མོ་ཊ་ཡང་བརྙེད་ཡོད་ལུགས་གསུངས་ཡོད་འདུག ཡང་ཁོང་གིས་མིང་འདོན་མེད་པའི་དབྱིན་ཇིའི་གསར་འགོད་པ་དེ་ཉིན་གཅིག་གོང་ཁོང་དང་ཐུག་འཕྲད་སྐབས་ཆ་རྡར་རྡ་ར་རྫོང་གི་ཕྱི་ལོག་པ་འགྲོ་རྒྱུ་མེད་པའི་ཉེན་བརྡ་བཏང་ཀྱང་གསར་འགོད་པ་དེས་མ་ཉན་པར་ཕྱིན་པར་བརྟེན་ས་ཁུལ་དེའི་ཏ་ལི་སྦན་གྱི་འགོ་ཁྲིད་མོ་ལ་མོ་ཧ་མརྡ་ན་ཨིམ་དང་མོ་ལ་ཨབོལ་རེའེ་མན་གཉིས་ཀྱི་བཙན་བཟུང་གིས་བཙན་ཁྲིད་བྱས་ཡོད་ལུགས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎