བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག་སྐུ་གཤེགས།
2012.07.26
༄༅། །བཀའ་ཟུར་ཨ་ལགས་འཇིགས་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི། ༡༩༣༨ལོར་མདོ་སྨད་རེབ་གོང་རྒྱལ་བོ་དཔོན་ཚང་གི་སྲས་སུ་འཁྲུངས། དགུང་ལོ་༧ཐོག་རེབ་གོང་རོང་པོ་དགོན་ཆེན་གྱི་འཇིགས་མེད་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གྱིས་ རོང་པོ་དགོན་ཆེན་དུ་ཕེབས་ནས་སློབ་གཉེར་གནང་བ་དང༌། རོང་པོ་དགོན་ཆེན་གྱི་གྲྭ་ཚང་གསེར་ཁྲིར་ལོ་གསུམ་རིང་ཞུགས། ༡༩༥༤ལོར་ཡབ་ཡུམ་ལྷན་ལྷ་སར་གནས་མཇལ་དུ་ཕེབས་རྗེས། གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ནང་ཆོས་གསན་བསམ་མཐར་སོན་པ་གནང་རྗེས། ༡༩༥༩ལོར་བཙན་བྱོལ་དུ་ཕེབས་ཡོད།
ཨ་ལགས་རིན་པོ་ཆེ་ནས་བོད་མི་མང་སྤྱི་འཐུས་སྐབས་༣།༤།༥།༦པ་བཅས་སྤྱི་འཐུས་སྐབས་བཞིའི་ལས་རྒྱུན་ལོ་༡༣རིང་གནང་ཡོད་ཅིང། ༡༩༨༥ལོར་༧གོང་ས་མཆོག་གི་སྐུ་ཚབ་ཐེངས་བཞི་པ་བོད་དུ་ཕེབས་སྐབས་སྐུ་ཚབས་ཚོགས་པའི་ཚོགས་གཞོན་གྱི་མཚན་ཐོག་ནས་ཕེབས་ཡོད། ༡༩༨༦ལོར་ནང་སྲིད་བཀའ་བློན་ལས་རོགས་སུ་བསྐོ་བཞག་བྱུང་ཡོད་པ་དང༌། དེ་རྗེས་བདེ་སྲུང་བཀའ་བློན་གྱི་མཚན་གནས་ཐུགས་འཁུར་ལོ་བཞི་རིང་གནང་ཡོད་པ་རེད།