རྒྱ་གར་གྲོས་ཚོགས་འཐུས་མིར་བོད་དོན་རྒྱབ་སྐྱོར་བྱེད་རྒྱུར་གནོན་ཤུགས་སྤྲད་འདུག
ཕྱི་ཟླ་༡༢ཚེས་༢༡ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལྡི་ལིར་ཆེད་ཕེབས་གནང་སྟེ། ཕྱི་ཚེས་ ༢༢ ཉིན་ལྡི་ལི་ཨིམ་ཕེ་རིཡལ་ (Imperial hotel) གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པར་འཚམས་འདྲིའི་གསོལ་ཚིགས་ཤིག་འདེགས་འབུལ་དང་འབྲེལ་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་སླར་གསོ་གནང་བ་དང་སྦྲགས། ཚོགས་ཕེབས་ཆབ་སྲིད་ཚོགས་པ་ཐུན་མོང་ནས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མཱར་ (Shri Sujeet Kumar, Rajya Sabha member from Odisha) ལགས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཀྱིས་བསྐོ་གཞག་གནང་ཡོད།
མཛད་སྒོ་འཚོགས་ནས་བདུན་གཅིག་གི་རྗེས་སུ་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་ལྡེ་ཚན་གྱི་སློབ་སྟོན་པ་Zhou Yongshen ཞེས་པའི་མཚན་ཐོག་ནས་མཛད་སྒོ་ཐོག་མཉམ་ཞུགས་གནང་མཁན་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ལ་རྒྱ་ནག་གི་གཞུང་ཚབ་ཁང་གིས་སེམས་འཚབ་བསྟོན་ཡོད་པའི་ཡི་གེ་ཞིག་འབྱོར་ཡོད་འདུག གནས་ཚུལ་དེ་དང་ཐོག་རྒྱ་གར་གྱི་ཉིན་རེའི་གསར་ཤོག་Indian Express ནང་སྤེལ་བ་གཞིགས་ན་ཡི་གེ་དེའི་ནང་རྒྱ་ནག་གི་ཆབ་སྲིད་བློན་སྟོན་པ་ཁོང་གིས་ངས་ཤེས་རྟོགས་བྱུང་བ་བཞིན་ཁྱེད་རྣམ་པས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་མཛད་སྒོའི་ཐོག་བཅར་ཡོད་པ་དང་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་ཕྲད་གནང་བ་དེའི་ཐོག་བློ་འཚབ་ཡོད། རྒྱ་གར་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་རྩ་དོན་ལ་གནོད་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་འཇུག་རྒྱུ་མིན་པ་ཁས་ལེན་བྱེད་ཡོད། ད་དུང་བཙན་བྱོལ་བོད་གཞུང་དེ་ཁ་བྲལ་ཀྱི་ཆབ་སྲིད་ཕྱོགས་ཁ་ཞིག་ཡིན་པ་དང་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ལས་འགུལ་སུ་ཡིས་སྤེལ་བ་དང་ངོ་བོ་གང་འདྲ་ཞིག་ཡིན་རུང་ལུང་པ་གང་དུ་གནས་ཀྱང་མཐའ་གཅིག་ངོ་རྒོལ་ཡོད་པ་མ་ཟད་གཞུང་འབྲེལ་མི་སྣ་དང་མཇལ་ཕྲད་གནང་རྒྱུ་ལ་ཡང་ངོ་རྒོལ་ཡོད་ཅེས་བརྗོད་འདུག
ད་དུང་རྒྱ་ནག་གིས་གནོན་ཤུགས་ཡི་གེའི་ནང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པ་ཆབ་སྲིད་མི་སྣ་རྒན་གྲས་ཡིན་པའི་བོད་གྱི་གནད་དོན་དེ་འཚོར་རྣོར་ཅན་ཞིག་ཡིན་པ་མཁྱེན་རྟོགས་ཡོང་བ་དང་བོད་རང་བཙན་ཕྱོགས་ཁ་ལ་རྒྱབ་སྐྱོར་གནང་རྒྱུ་འཛེམས་བཟོད་གྱིས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་མདུན་སྐྱོད་ཡོང་བ་ལེགས་སྐྱེས་འབུལ་དགོས་པ་ནད་སྐུལ་བྱས་འདུག
སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་གཞིགས་ན། ད་ཐེངས་རྒྱ་གར་རྒྱ་ས་ལྡི་ལི་རུ་བོད་མི་དམངས་སྤྱི་འཐུས་སྐུ་ཚབ་ཚོང་གིས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་གྲོས་ཚོགས་འཐུས་མི་༣༨དང་མཉམ་དུ་མཇལ་ཕྲད་བྱུང་བ་ད་དུང་ལས་འཁུར་གནང་བཞིན་པའི་རྒྱ་གར་གྱི་བློན་ཆེན་གཉིས་སྤྱི་འཐུས་ཀྱི་གསོ་སྟོན་མཛད་སྒོར་བཅར་ཡོད་པ་རེད།
རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སྐུ་མ་ལགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གིས་ཐེ་ཇུས་དེ་ནི་ཕྱི་འབྲེལ་གྱི་འགྲོ་ལུགས་དང་མི་འཚམས་པ་ཞིག་ཡིན་པའི་རྒྱ་གར་གྱི་འབྲེལ་ཡོད་ཕྱི་སྲིད་ལས་ཁུངས་ལ་སྙན་སང་ཞུ་དགོས་པ་བརྗོད་ཀྱི་ཡོད་འདུག
ཡང་བོད་མི་དམངས་སྤྱི་འཐུས་ཀྱི་གསོལ་སྟོན་ཐོག་བཅར་མཁན་རྒྱ་གར་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཟུར་བ་Jairam Ramesh ལགས་ཀྱིས་རྒྱ་ནག་གི་ཡི་གེ་དེ་ལ་སྣང་མེད་གཏང་བ་ཡིན་།སྤྱིར་སྟངས་ཁོང་ཉིད་མཛད་སྒོ་དང་གསོ་སྟོན་སྐབས་སུ་ཧ་ལམ་བཅར་གྱི་མེད་འོན་ཀྱང་ད་ལེན་དམིགས་བསལ་ཡིན་པ་རྒྱུ་མཚན་གསུམ་ཡོད་།དང་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཡིད་དབང་འཕྲོག་པ་དང་གཉིས་པ་དེ་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་གུས་བརྩི་དང་གསུམ་པ་དེ་བོད་མིའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོའི་ཐོག་ལ་ལེགས་སྐྱེལ་འབུལ་བ་བརྟེན་ནས་ཡིན་བཅེས་བརྗོད་འདུག
དེ་ཡང་ལོ་བཞི་ཙམ་གོང་དུ་2018ལོར་རྒྱ་གར་གཞུང་འབྲེལ་བཀོད་ཁྱབ་ཞིག་ནང་གཞུང་གི་དཔོན་རིགས་དང་གཞུང་འབྲེལ་མི་སྣ་ཚོས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་ལ་དོག་ཕོག་མ་ཡོང་ཆེད་།བཙན་བྱོལ་བོད་མིའི་མཛད་སྒོ་ཐོག་གཞུང་འབྲེལ་མ་ཕེབས་རྒྱུ་བཀའ་རྒྱ་ཕེབས་པ་རེད།
དེ་རིང་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་མཚན་ཐོག་ནས་ཕྱི་ཚེས་༣༡ཉིན་གོང་ཞུས་རྒྱ་ནག་གི་ཡི་གེ་དེ་དང་འབྲེལ་བའི་ཡོང་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་རྒྱ་ནག་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྒེར་ལ་གནོད་ཤུགས་ཀྱི་བྱ་སྤྱོད་དེ་ལ་སྐྱོན་བརྗོད་དང་སྦྲགས་དེའི་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཤུགས་ཇེ་ཆེར་འགྲོ་བཞིན་པར་ཞེད་སྣང་སྐྱེས་ཀྱི་ཡོད་པ་བསྟོན་གྱི་ཡོད་།ཅེས་བརྗོད་པ་དང་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་དུས་ནམ་ཡང་ཆ་ཤས་སུ་མ་རེད་ལ་རྒྱ་ནག་གིས་བོད་དེ་ཁྲིམས་འགལ་གྱི་ཐོག་གནས་བཙན་འཛུལ་བྱས་རྗེས་སུ་བོད་མིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐོང་འཕྲོག་ཡོད་པ་དང་ད་ལྟའི་སྐབས་སུ་ཡང་བོད་ནང་གནས་སྟངས་ཛ་དྲག་ཡིན་པ་བརྗོད་འདུག
གསར་འགོད་པ། བསྟན་འཛིན་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།