ལི་བི་ཡར་མཁའ་ཐོག་གཏོར་རྒོལ་མཚམས་འཇོག་ཡོང་རེ།

ཕ་རན་སིའི་མཐུན་ཕྱོགས་ཡུལ་ཁག་གིས་ལི་བི་ཡར་མཁའ་ཐོག་ནས་གཏོར་རྒོལ་གྱི་བྱ་སྤྱོད་གཟའ་འཁོར་གཅིག་རྗེས་མཚམས་འཇོག་ཡོང་རེ།

2011.03.25

༄༅༎ཕ་རན་སིའི་སྲུང་སྐྱོབ་ལས་ཁང་གི་དཔོན་རིགས་ནས་མཐུན་ཕྱོགས་ཡུལ་ཁག་གིས་ལི་བི་ཡར་མཁའ་ཐོག་ནས་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་ཡས་མ་འོངས་གཟའ་འཁོར་གཅིག་གཉིས་ནང་མཚམས་འཇོག་ཡོང་རྒྱུའི་རེ་བ་གནང་གི་ཡོད་པ་གཟའ་པ་སངས་ཉིན་གསུང་འདུག ཕ་རན་སིའི་སྲུང་སྐྱོབ་ལས་ཁང་གི་དཔོན་རིགས་ཨེདྲ་ལྦོདྲ་ཇི་ལའདྲ་ཡིས་ ཕ་རན་སིའི་རླུང་འཕྲིན་ཞིག་གི་བཅའ་འདྲིར་ལན་འདེབས་གནང་བའི་སྐབས་གོང་ཞུས་བཀའ་མོལ་དེ་གསུང་བ་ཞིག་ཡིན་པ་དང་ ཁོང་གིས་ད་ཆ་གནད་དོན་དེ་དྲག་པོའི་ཐོག་ནས་ཐག་གཅོད་ ཡོང་དཀའ་བ་ཡིན་པ་དང་ སྲིད་དོན་གྱི་ཐོག་ནས་ཐག་གཅོད་ཐུབ་རྒྱུའི་ལམ་བུ་འཚོལ་ཞིབ་བྱ་རྒྱུའི་དུས་ཡིན་པ་གསུང་ཡོད་པ་དང་ ཡིན་ནའི་གནད་དོན་དེ་ཁོང་སྒེར་དང་འབྲེལ་བ་མེད་ལུགས་ནན་བརྗོད་གནང་ཡོད་པ་རེད་ ཡང་ཕ་རན་སིའི་སྲུང་སྐྱོབ་དཔོན་རིགས་ཇི་ལའདྲ་ཡིས་མུ་མཐུད་གསུང་ན་  གཟའ་ཕུར་བུའི་དགོང་མོ་ཕ་རན་སིའི་མཁའ་དམག་གནམ་གྲུས་ ལི་བི་ཡའི་མེ་སྒྱོགས་དམག་སྒར་ཐོག་མཁའ་ཐོག་ནས་གཏོར་རྒོལ་བཏང་ཡོད་པ་དང་ གཏོར་རྒོལ་གཏོང་སའི་མེ་སྒྱོགས་ཀྱི་དམག་སྒར་དེ་བཞིན་ལི་བི་ཡའི་གྲོང་ཁྱེར་ཨཇ་རྡ་བི་ཡ་ཡི་ཕྱིར་ཡོད་པ་དང་ ས་གནས་དེ་ད་དུང་ཡང་བར་བརྒལ་གཞུང་འམ་ ཕྱོགས་འགལ་ཚོགས་པའི་ལག་ཏུ་ཡོད་མུས་ཡིན་པ་གསུང་འདུག ཨ་རི་དང་ དབྱིན་ཇི་ ཕ་རན་སི་ཡུལ་གྲུ་གསུམ་གྱིས་གཟའ་སྤེན་པ་ནས་བཟུང་ ལི་བི་ཡའི་ཕྱོགས་འགལ་ཁ་གཏད་ཚོགས་མི་ཚོ་ ལི་བི་ཡའི་དབང་འཛིན་པ་ཚོའི་གཏོར་རྒོལ་འོག་ལས་སྐྱོབ་ཐབས་ཆེད་ ཡུལ་དེར་མཁའ་ཐོག་ནས་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་རྒྱུའི་རྒྱལ་སྤྱིའི་ཐོག་འབོད་སྐུལ་ལས་དོན་སྤེལ་གནང་ཡོད་པ་དང་ དུས་ཡུན་ཉིན་གྲངས་ཁ་ཤས་རིང་གྲོས་མོལ་བྱས་པ་བརྒྱུད་ བྱང་ཨར་ལན་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་ལི་བི་ཡའི་མཁའ་ཐོག་གནམ་གྲུ་བཀག་སྡོམ་གྱི་ལས་དོན་འགན་ལེན་གནང་རྒྱུ་དང་ དེ་མིན་ལི་བི་ཡའི་མི་མང་ལ་སྲུང་སྐྱོབ་ཀྱི་ལས་དོན་གཞན་ཁག་ཨ་རི་དང་ དབྱིན་ཇི་ ཕ་རན་སི་ཡུལ་གྲུ་གསུམ་གྱིས་གནང་རྒྱུ་ཡིན་པའི་སྐོར་བྱང་ཨར་ལན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་དཔོན་རིགས་ནས་གཟའ་ཕུར་བུའི་ཉིན་ཕྱིར་བསྒྲགས་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎