འབར་མའི་གཞུང་གིས་ཨ་རིའི་མི་སེར་ཞིག་འཛིན་བཟུང་བྱས་སྐོར།

འབར་མའི་དྲག་པོའི་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་ཨ་རིའི་མི་སེར་ཚོའི་གནས་སྟངས་ལ་ལྟ་བར་མོས་མཐུན་བྱེད་ཀྱི་མེད་པ་རེད།

2009.05.08

༄༅༎འབར་མ་གཞུང་གིས་ཨ་རི་གཞུང་གི་དགོས་འདུན་ལ་སྣང་ཆུང་གིས་ཡུལ་དེའི་ནང་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་ཨ་རིའི་མི་སེར་ཚོའི་གནས་སྟངས་ལ་ལྟ་བར་མོས་མཐུན་བྱེད་ཀྱི་མེད་པ་རེད།

དེ་ཡང་གཟའ་པ་སངས་ཉིན་འབར་མའི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་གསུངས་བར་ཨ་རིའི་མི་སེར་ཡིན་པ་ཇཱོན་ལྦི་ལི་ཡེན་ཡེ་ཀྲའོ་ཟེར་བ་ཞིག་གིས་འབར་མ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཅིའི་ཞུགས་གནས་སུ་ཁྲིམས་འགལ་ཐོག་ནས་ཆུ་རྐྱལ་རྒྱབ་ཏེ་བསྐྱོད་ཐབས་བྱས་པར་བརྟེན་ནས་འབར་མ་དྲག་པོའི་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་སྐོར་གཟའ་ལྷག་པའི་ཉིན་འབར་མའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་བཀོད་པ་ཤེས་རྟོགས་བྱུང་ཏེ་ཨ་རིའི་གཞུང་ཚབ་ལས་ཁང་གིས་ཨ་རིའི་མི་སེར་ཡིན་པའི་མི་དེའི་གནས་སྟངས་ལ་ལྟ་བར་ཕེབས་རྒྱུའི་དགོས་འདུན་རིམ་པ་འབར་མ་དྲག་པོའི་གཞུང་ལ་བཏོན་ཡོད་ན་ཡང་ད་བར་ཁས་ལེན་བྱུང་མེད་པ་མགྲིན་ཚབ་པ་རི་ཆ་ཌེ་མེ་ནས་གསུངས་བཞག འབར་མའི་ནང་ཡོད་པའི་ཨེ་ཤེ་ཡའི་གཞུང་འབྲེལ་དཔོན་རིགས་ཚོས་ད་རེས་ཨ་རིའི་མི་སེར་དེས་ལྕམ་ཨང་སང་སུའུ་ཅིའི་ཞུགས་གནས་སུ་བསྐྱོད་ཐབས་བྱས་པའི་གནད་དོན་དེས་རྐྱེན་པས་ལྕམ་ཨང་སང་སུའུ་ཅིར་ཡང་ཉེས་པ་ཕོག་སྲིད་པའི་སེམས་འཚབ་གནང་གི་ཡོད་པ་དང་ཡིན་ནའི་ལྕམ་ཨང་སང་སུའུ་ཅིའི་ཚོགས་པའི་མགྲིན་ཚབ་པ་ནིཡེན་ལྦིན་གྱིས་གནད་དོན་དེས་རྐྱེན་པས་ལྕམ་ཨང་སང་སུའུ་ཅིར་ཡང་ཉེས་པ་ཕོག་སྲིད་པའི་སེམས་འཚབ་བྱེད་དགོས་དོན་མེད་པ་དང་ཡིན་ནའི་ཁོང་ལ་སྲུང་བྱ་ཧ་ཅང་དམ་པོ་ཡོད་བཞིན་པ་དེ་དེ་བས་དམ་དུ་གཏོང་སྲིད་པའི་སེམས་འཚབ་ཡོད་པ་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎