ཨ་རི་བ་ཞིག་ལ་བོད་ནས་ཁ་བྲལ་དགོས་པའི་བཀོད་ཁྱབ་བཏང་འདུག


2015.04.20
ཨ་རིའི་Washingtonདུ་གནས་སྡོད་བྱེད་མཁན་ཨ་རི་བ་བེུད་Leah Combellལགས། ཨ་རིའི་Washingtonདུ་གནས་སྡོད་བྱེད་མཁན་ཨ་རི་བ་བེུད་Leah Combellལགས།
དྲ་བཤུས

བོད་ནང་བསྐྱོད་མཁན་ཨ་རི་བ་ཞིག་རྒྱ་ནག་གི་ཉནེ་རྟོག་པས་བོད་དང་ཁ་བྲལ་དགོས་པའི་བཀོད་ཁྱབ་བཏང་རྗེས་བལ་ཡུལ་ལ་འབྱོར་འདུག
དེ་ཡང་ཨ་རིའི་Washingtonདུ་གནས་སྡོད་བྱེད་མཁན་ཨ་རི་བ་བེུད་Leah Combellཉེ་ཆར་རྒྱ་ནག་བརྒྱུད་བོད་དུ་བསྐྱོད་པའི་རྗེས་རྒྱ་ནག་གི་ཉེན་རྟོག་པས་འདྲི་རྩད་བྱས་པ་དང་། ཁོང་གི་ཁ་པར་སྔོག་བཤེར་བྱས་པ་མ་ཟད། བལ་ཡུལ་དུ་ཕྱིར་འབུད་བཏང་ཡོད་པ་རེད། ལོ་༣༣ཡིན་Combellནི་༢༠༡༤ལོའི་ཕྱི་ཟླ་དང་པོ་ནས་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༡བར་རྒྱ་ནག་གི་Shenzhenགྲོང་ཁྱེར་གྱི་དམའ་འབྲིང་སློབ་གྲྭ་ཞིག་ནང་དབྱིན་ཡིག་སློབ་ཁྲིད་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་གཉིས་པའི་ནང་རྒྱ་མིའི་ལོ་གསར་དང་དུས་ཆེན་འཁེལ་ཏེ་ཟླ་བ་གཉིས་པ་ཆ་ཚང་གུང་སེང་ཡིན་པར་བརྟེན་ནས་ཁོང་གིས་མེ་འཁོར་སྤ་སེ་ཉོས་ནས་བོད་དུ་བསྐྱོད་རྒྱུ་བྱས་ཏེ་གཟའ་འཁོར་གཅིག་རིང་བོད་དུ་སྡོད་རྒྱུ་བྱས་ཡོད་ནའང་ཉིན་བཞི་པའི་མཚན་གྱི་ཚོུད་༡༡དང་ཕྱེད་ཀ་ཙམ་ལ་རྒྱ་མིའི་ཉེན་རྟོག་པ་གཉིས་ཁོང་སྡོད་སའི་མགྲོན་ཁང་དུ་ཡོང་ཡོད་པ་རེད།
ཁོང་ཚོས་དང་ཐོག་རྒྱུན་ལྡན་ཞིབ་བཤེར་གྱི་ལས་དོན་ཡིན་ལུགས་བཤད་དེ་ཁོང་ལ་ཕྱི་བསྐྱོད་ཆོག་པའི་ཐོངས་མཆན་ལག་འཁྱེར་སྟོན་དགོས་པ་བཤད་ཡོད་ཀྱང་རིམ་པས་ཁོང་ཚོས་དྲིས་རྩད་ཀྱི་ནང་དོན་རྣམས་བརྗོད་གཞི་གཞན་ཞིག་ཏུ་གྱུར་ཏེ་ཁོང་ཚོའི་འདྲི་རྩད་ཀྱི་ནང་དོན་ལ་དོ་ནན་ཙམ་ཉན་དགོས་ལུགས་བཤད་པ་མ་ཟད། ཁྱེད་རང་གི་ཁ་པར་ནང་ལ་ཡིག་འབྲེལ་ག་རེ་བྱས་ཡོད་པ་ཚང་མ་ཤེས་རྟོགས་ཡོད་ཟེར་བ་སོགས་བཤད་ཡོད་པ་དང་། ཆབས་ཅིག་ཉེན་རྟོག་པ་གཅིག་གིས་ཁོང་གི་ཁ་པར་འཁྱེར་ནས་མགྲོན་ཁང་གི་བར་འཁྱམས་སུ་ཕྱིན་པ་དང་། ཉེན་རྟོག་པ་གཅིག་ཤོས་དེས་མུ་མཐུད་འདྲི་རྩད་བྱས་ཡོད་པ་རེད། ད་དུང་ཉེན་རྟོག་པ་དེ་གཉིས་ཀྱིས་ཉེན་རྟོག་པ་བེུད་ཅིག་འབོད་པ་དང་བེུད་དེས་ཁོང་གི་འགྲིམས་འགྲུལ་སྣེ་ཤན་པ་བོད་པ་དེ་ཁྲིད་ཡོང་བ་བརྟེན་ནས་བོད་པ་ཚོར་དཀའ་ངལ་བཟོ་རྒྱུ་ཡིན་པ་གདོན་མི་ཟ་བར་རེད་བསམ་ནས་ཁོང་གི་སེམས་ནང་དེ་བས་དངངས་སྐྲག་ཆེ་རུ་ཕྱིན་པར་བརྟེན་དེ་མ་ཐག་དུ་ཉེན་རྟོག་པར་བོད་ནང་གི་གནས་ཚུལ་ཚང་མ་ལེགས་པོ་འདུག་ཅེས་ཁོང་ཚོས་ཉན་འདོད་པའི་སྐད་ཆ་དེ་ངས་བཤད་པ་ཡིན། དེ་རྗེས་ཁོང་ཚོས་ཡིག་ཆ་ཤོག་གྲངས་བཅུ་བྱས་པ་ཞིག་ཐོག་ལ་ས་ཡིག་དང་ཚེས་གྲངས་བཀོད་དུ་བཅུག་པ་མ་ཟད། ཉེན་རྟོག་པ་སླེབས་པའི་གནས་ཚུལ་ཕྱི་ལ་རྩ་བ་ནས་ཤོད་མི་ཆོག་པའི་འཇིགས་སྐུལ་བྱས་པ་དང་། ཕྱི་ཉིན་གྱི་ཕྱི་དྲོ་བར་མགྲོན་ཁང་ནས་འགྲོ་བསྐྱོད་བྱེད་དུ་མ་བཅུག་པར་དམ་བསྒྲགས་བྱས་ཏེ་དེ་རྗེས་མཁའ་ལམ་བརྒྱུད་བོད་ནས་ཁ་བྲལ་དགོས་པའི་བཀོད་ཁྱབ་བཏང་བ་ལྟར་བལ་ཡུལ་དུ་བསྐྱོད་དགོས་བྱུང་བའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎