བོད་དང་འབྲེལ་བའི་རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན།

རྒྱ་གར་གྱི་རི་མོའི་སྒྱུ་རྩལ་བ་ཞིག་གིས་རྒྱ་གར་ཀེ་ར་ལ་མངའ་སྡེར་བོད་དང་འབྲེལ་བའི་རི་མོ་དང་བཟོ་བཀོད་ཀྱི་འགྲེམས་སྟོན་ཞིག་གནང་བ།

2011.12.12

༄༅༎རྒྱ་གར་གྱི་རི་མོའི་སྒྱུ་རྩལ་བ་ལྦི་ནི་ཐ་ཨ་ནན་ཡིས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་སསི་ཐ་མང་ག་ལམ་ཞེས་པའི་ས་གནས་སུ་བོད་དང་འབྲེལ་བའི་རི་མོ་དང་བཟོ་བཀོད་ཀྱི་འགྲེམས་སྟོན་ཞིག་གནང་ཡོད་པ་རེད་
ཁོང་གིས་རི་མོའི་འགྲེམས་སྟོན་ཁང་དེར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་བ་ཀརྨ་་པ་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་དཔར་དང་བོད་དོན་དང་འབྲེལ་བའི་དཔེ་དེབ་སོགས་འགྲེམས་སྤེལ་གནང་ཡོད་པ་རེད་ ཁོང་གི་འགྲེམས་སྟོན་དེ་ལོ་ངོ་ལྔའི་གོང་གནང་རྩིས་ཡང་དེ་ལྟར་མ་བྱུང་ཡང་ཁོང་གི་བཟའ་ཟླ་ཨ་ནན་ཀུ་མའར་ཕྱག་ལས་གནང་ཡུལ་ལྦི་ཨེསི་བ་ལྦན་ཞེས་པའི་སློབ་གཉེར་ཁང་དེར་རྒྱལ་བ་ཀརྨ་་པ་རིན་པོ་ཆེ་གཟིགས་བསྐོར་དུ་ཕེབས་པའི་དུས་སྐབས་ཤིག་བྱུང་བའི་རྗེས་ཁོང་གིས་ད་ཐེངས་ཀྱི་འགྲེམས་སྟོན་དེ་གོ་སྒྲིག་གནང་རྒྱུའི་དགོངས་པ་བྱུང་སྐོར་གསུང་འདུག ཁོང་བོད་དོན་དང་འབྲེལ་བའི་ཐོག་དོ་སྣང་བྱུང་འགོ་དེ་ཁོང་ཨན་རྡར་པཱར་རྡེཤ་མངའ་སྡེའི་མཐོ་སློབ་ཅིག་ནང་སློབ་གཉེར་གནང་སྐབས་ནང་པའི་དགེ་འདུན་པ་ཁག་ཅིག་དང་མཇལ་འཕྲད་བྱུང་བའི་རྗེས་བོད་དོན་ཐོག་དོ་སྣང་བྱུང་སྐོར་གསུང་འདུག ཁོང་གི་རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་དེ་ཐོག་མར་ཕྱི་ལོ་ ༡༩༨༨ ལོར་འགོ་འཛུགས་གནང་བ་དང་ཁོང་གིས་ད་བར་རྒྱ་གར་གྱི་མངའ་སྡེ་ཀེ་ར་ལ་དང་གྲོང་ཁྱེར་སྦེང་ལོར་དང་ཀོལ་ཀ་ཊ་བཅས་པའི་ནང་ཐེངས་འགའ་ཤས་གནང་ཡོད་པ་རེད་།          

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎